
མཉེན་ཆས་ཕབ་ལེན་བྱེད་ས། http://officecdn.microsoft.com/sg/C1297A47-86C4-4C1F-97FA-950631F94777/OfficeMac/Microsoft_Office_2016_15.29.16120900_Installer.pkg
གསལ་བཤད། འདི་ནི་ཀུ་ཤུའི་གློག་ཀླད་ནང་སྤྱོད་རུང་བའི་ཕྲ་མཉེན་ཚང་གི་གཞུང་སྒྲུབ་མཉེན་ཆས་ཡིན་ལ། ནང་དུWord、Excel、PowerPoint、Outlook དང་ OneNote བཅས་འདུས་ཡོད། མཉེན་ཆས་ཕབ་ལེན་གྲུབ་རྗེས་ཐད་ཀར་སྒྲིག་འཇུག་བྱེད་ཆོག་པ་དང་། སྒྲིག་འཇུག་བྱས་ཚར་རྗེས་གསང་རྒྱ་བརྟོལ་ཚེ་གང་འདོད་དུ་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད།
གསང་བརྟོལ་མཉེན་ཆས། https://pan.baidu.com/s/1i5wrIEp གསང་ཨང: fakp
གསལ་བཤད། གསང་བརྟོལ་མཉེན་ཆས་འདི་ནི་ཕྱི་རྒྱལ་གྱི་མིས་བཟོས་པ་དང་། ཕབ་ལེན་གྲུབ་རྗེས་ཁ་ཕྱེས་ཚེ་ལྡེ་མིག་སྔོན་པོ་ཞིག་མཐོང་ཐུབ། དེའི་ཁ་ཕྱེ་ཚེ་ལྡེ་མིག་ནག་པོ་ཞིག་མངོན་ཡོང་། དེ་ལ་ཆིག་རྡེབ་བྱས་ཚེ་རང་འགུལ་གྱིས་གསང་རྒྱ་བརྟོལ་ཐུབ་པ་དེ་འདྲ་ཡ་མཚན་ཞིག་རེད།
གསང་བརྟོལ་བྱས་ཚར་རྗེས་ཁྱེད་རང་གིས་མཉེན་ཆས་གསར་བསྒྱུར་བྱེད་ཆོག་པ་དང་། ཐོན་རིམ་གསར་ཤོས་ལ་བསྒྱུར་ནའང་སྔར་བཞིན་གསང་རྒྱ་བརྟོལ་ཡོད་པས་ཤིན་ཏུ་སྟབས་བདེ་ཆགས་ཡོད། ཡིན་ནའང་ཁྱེད་རང་ཐོན་རིམ་གསར་ཤོས་ལ་སྤྲོ་བ་ཡོད་མེད་ཆ་མ་འཚལ་བས། གལ་སྲིད་སྤྲོ་བ་མེད་ཚེ་གཤམ་གྱི་ནང་དོན་དག་སྣང་མེད་དུ་བསྐྱུར་ཆོག
གོང་གི་གསར་བསྒྱུར་མཉེན་ཆས་དེ་ཕབ་ལེན་གནང་ནས་ཐོན་རིམ་གསར་ཤོས་སུ་བསྒྱུར་བ།
“Microsoft Office 2016 for Mac (15.32) ཀུ་ཤུའི་གློག་ཀླད་པར་མ།” ལ་ལན 14 སློག་འདུག
Powerpoint 2016, 2017 ནང་བོད་ཡིག་རྩེགས་འདོགས་ཇི་བཞིན་མི་འཆར་བའི་གནད་དོན་སེལ་ཐབས་ལམ་སྟོན་གནང་རོགས་ཞུ།
Macos Catalina ནང་གཏན་ནས་འགྲོ་གི་མི་འདུག་ ཟླ་ཚེས་ 2020/01/20 ཉིན།
གསང་གྲངས་གཏོར་བྱེད་ཀྱི་མ་ལག་དེ་ཕབས་ལེན་པར་གསང་གྲངས་ཞིག་མཁོ་བཞིན་འདུག
དུ་ཡིན་ནམ
Excel མ་གཏོགས་གཞན་དག་གི་ནང་དུ་ཡི་གེ་གཏགས་ཐུབ་ཀྱི་མི་འདུག དེའི་སྐོར་ལ་ལམ་སྟོན་འདྲ་ཡོད་དམ།
ངའི་འདིར་ཐུབ་གིན་འདུག་ལགས།
དེས་ན་ཕབ་ལེན་བྱེད་སྟངས་མ་འགྲིག་ནི་ཨེ་ཡིན་ནམ།
Ipadཡི་ནང་དུ་གཞུང་སྒྲུབ་མཉེན་ཆས་གང་སྤྱད་ན་ལེགས།
iWork སྤྱད་ན་ལེགས་སྙམ།
windows ལ་གསང་བརྟོལ་མཉེན་ཆས་ཡོད་དམ།
PowerPointཡི་ནང་དུ་བོད་ཡིག་གི་བརྩེགས་འདོགས་ཇི་བཞིན་འཆར་ཐུབ་གི་མི་འདུག་པ་དེ་ལ་ཐབས་ཤེས་ཡོད་པ་རེད་དམ།
mac ནང་word powerponit གང་འདྲ་འཇུག་དགོས་སམ རིན་མེད་ ཡང་ན་ རིན་གོང་ཆུང་ཙམ་བྱས་ནས་ནང་འཇུག་བྱེད་ཐབས་འདྲ་ཨེ་ཡོད། ཁུངས་ལྡན་གྱི་མ་ལག་རང་ཉོ་ཐུབ་ས་མ་རེད་འདུག 😀
གོང་གི་མཉེན་ཆས་དེ་ཕབ་ལེན་བྱས་ཚེ་ནང་དུWord、Excel、PowerPoint、Outlook དང་ OneNote བཅས་འདུས་ཡོད།
PowerPointཡི་ནང་དུ་བོད་ཡིག་ཇི་བཞིན་འཆར་མི་ཐུབ་པ་དེ་ལ་ཐབས་ཤེས་གཞན་པ་ཡོད་ཨེ་རེད།
PowerPointནང་དུ་བོད་ཡིག་བརྩེགས་འདོགས་བྱེད་སྐབས་ཇི་བཞིན་འཆར་མི་ཐུབ་པའི་གནད་དོན་དེ་སེལ་ཐབས་ཡོད་དམ། ད་དུང་wordནང་དུ་བས་སྟོང་མཐེབ་ཀྱིས་མནན་ཚེ་གོང་གི་ཐུག་ཕྲེང་ནང་གི་བར་སྟོང་གི་མཚམས་སུ་ཐུག་ཕྲེང་འོག་མ་ལ་ལྡང་འགྲོ་བ་དེ་ལ་བཅོས་ཐུབ་དམ།