བཀས་བཅད་ཐ་སྙད་རྒྱ་བོད་གློག་རྡུལ་ཚིག་མཛོད།

བཀས་བཅད་ཐ་སྙད་རྒྱ་བོད་གློག་རྡུལ་ཚིག་མཛོད་འདི་བོད་ཁུལ་གྱི་རྒྱ་བོད་ལོ་ཙཱའི་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་བཀས་བཅད་གནང་བའི་ཐ་སྙད་གསར་པ་རྣམས་གཅིག་འགྱུར་བེད་སྤྱོད་གཏོང་ཐུབ་ཕྱིར། རྒྱ་བོད་ཡིག་སྒྱུར་ལས་ལ་ཞེན་པའི་ཚེ་དབང་དཔལ་འབྱོར་དང་བཀྲ་ཤིས་རྣམ་རྒྱལ་གཉིས་ནས་མི་སྒེར་གྱིས་ལས་ཞོར་དུ་རིན་མེད་ངང་གསར་དུ་བཟོས་པ་ཞིག་ཡིན།

བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་འཆར་ངོས།

ཚིག་མཛོད་ཀྱི་ནང་དོན་གཙོ་བོ་ནི་མཉེན་ཆས་གསར་སྤེལ་མཁན་གྱིས་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པའི་བཀས་བཅད་ཐ་སྙད་རྣམས་རེ་རེ་བཞིན་བསྡུ་རུབ་དང་ལེགས་བསྒྲིགས་བྱས་པའི་ཐོག ད་དུང་རིན་སྤུངས་ཉི་མ་དོན་གྲུབ་ལགས་ཀྱི་རྒྱའི་གཏམ་དཔེ་བོད་འགྱུར་མ༣༠༠ཙམ་བླུགས་ཡོད། གཏམ་དཔེ་དག་ནི་བོད་རང་སྐྱོང་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་གི་མཁས་དབང་རྣམ་པས་ཞུ་དག་གནང་མེད་པས་ན། རྒྱ་ཆེའི་ཡིག་སྒྱུར་བ་རྣམས་ལ་དཔྱད་གཞི་ཙམ་དུ་ཕུལ་བ་ཞིག་ཡིན་པའི་དྲན་སྐུལ་ཡོད།

བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་འཆར་ངོས།
བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་འཆར་ངོས།

ཡིག་སྒྱུར་མཉེན་ཆས་མ་ལག་འདིར་2017ལོའི་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་གསར་སྤེལ་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད་ལ་མཉེན་ཆས་འདིས་རྗེས་སུ་རྒྱ་བོད་ཡིག་སྒྱུར་བྱ་གཞག་ཐད་ཕན་འབྲས་དང་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུའི་རེ་བ་ཆེན་པོ་བཅངས་བཞིན་ཡོད་པ་དེའང་ལྷག་བསམ་དཀར་པོའི་ཐོག་མའི་བསམ་འདུན་ཉག་ཅིག་དེ་ཡིན།

ཕབ་ལེན་བྱེད་ས།

ཀུ་ཤུའི་ཁ་པར་ནང་ལ་ཕབ་ལེན་བྱེད་ས།
ཨན་གྲོལ་ཁ་པར་ནང་ལ་ཕབ་ལེན་བྱེད་ས།

“བཀས་བཅད་ཐ་སྙད་རྒྱ་བོད་གློག་རྡུལ་ཚིག་མཛོད།” ལ་དཔྱད་མཆན་གཅིག་ཡོད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།