རྨི་ལམ་རྩིས་འཁོར་ཡིག་གཟུགས་ཕབ་ལེན།

རྨི་ལམ་རྩིས་འཁོར་ཡིག་གཟུགས།

རྨི་ལམ་ཀུང་སིའི་སྤྱི་གཉེར་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུངས་དོན། ཀུང་སིས་ཐོག་མཐའ་བར་གསུམ་དུ་ཚད་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་རྩ་བའི་ལས་འགན་དུ་བྱས་ཤིང་། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་དང་ལས་འདེམས་ཀྱི་གོ་སྐབས་སྐྲུན་ཡོད། མིག་སྔར་ངེད་ཀུང་སིར་ལས་ཞུགས་མི་སྣ་ ༣༤ ཡོད་པའི་ནང་སློབ་ཆེན་སློབ་མ་༢༧ ཡོད།

འདས་པའི་ལོ་ངོ་གསུམ་རིང་ཀུང་སིས་བོད་ཡིག་སྒྱུ་རྩལ་གྱི་ཡིག་གཟུགས་ཞིབ་འཇུག་དང་གསར་སྤེལ་ལ་ཕུར་ཚུགས་སུ་ཞུགས་ཤིང་། སྔར་ནས་ད་བར་མི་དམངས་ལྟེ་བར་བྱས་པའི་གསར་རྩོམ་ལ་ཕྱོགས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་ལ་གཞོལ་ཡོད། ད་ཐེངས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡིག་གཟུགས་སྣ་ཁ་༡༤འགྲེལ་སྤེལ་བྱས་པར། དབྱེ་ན་རིགས་གཉིས་ཏེ་སྲོལ་རྒྱུན་གྱི་ཡིག་གཟུགས་དང་སྒྱུ་རྩལ་གྱི་ཡིག་གཟུགས་སོ། ཡིག་གཟུགས་ལ་རྟོག་ཞིབ་དང་དེ་ཉིད་འཚོལ་བསྡུ། གསར་སྤེལ། རྩོམ་སྒྲིག་ནས་གཏག་འཇུག་བར་གྱི་ལས་གཞི་ཧྲིལ་པོར་དུས་ཡུན་ལོ་གསུམ་ལ་ཉེ་བར་སྤྱད། དེ་ཡང་བསམ་ཡས་རྡོ་རིང་གི་ཡིག་གཟུགས་དང་པོ་ཏ་ལའི་ལྡེབས་རིས་ཀྱི་ཡིག་གཟུགས་ལ་སོགས་གཞིར་བཟུང་ཡོད།

གང་ཞིག་མཉམ་དུ་རོལ་བ་འདི་ལས་སྤྲོ་བ་འཕེལ། རྨི་ལམ་བོད་ཡིག་རྩིས་འཁོར་ཡིག་གཟུགས་ཀྱི་པར་མ་དང་པོ་འདི་བོད་ཡིག་སྤྱོད་མཁན་ཡོངས་ལ་རིན་མེད་ངང་ཕུལ་ནས་ང་ཚོར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུའོ།།

— རྨི་ལམ་ཀུང་སི་ནས།

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

“རྨི་ལམ་རྩིས་འཁོར་ཡིག་གཟུགས་ཕབ་ལེན།” སྟེང་དུ་དཔྱད་མཆན 8 ཡོད།

  1. དཔེ་ཆ་པར་སྐྲུན་སོགས་ལ་ཕན་པའི་ཡིག་གཟུགས་སམ་བྷོ་ཏྲ་ལྟ་བུའི་ཡིག་གཟུགས་གསར་བ་ཡོད་ན་ཕན་ཐོག འདིའི་རིགས་ཀྱི་ཡིག་གཟུགས་མང་ཆེ་བ་བེད་མེད་ལྟ་བུ་རེད།

    1. དཔེ་ཆ་པར་སྐྲུན་ལ་ཁོ་བའི་ཡིག་གཟུགས་སྣ་ཁ་དྲུག་ཅུ་ལྷག་ཙམ་བཏོན་ཚར་ཡོད་རེད། ང་ཚོར་ཡང་འཆར་བཀོད་དང་དྲིལ་བསྒྲགས་ལས་རིགས་སོགས་ལ་མཁོ་བའི་སྒྱུ་རྩལ་ཡིག་གཟུགས་མཁོ་ཆེ། བྱས་ཙང་ངས་ཚོས་སོ་སོར་གནས་སྐབས་དགོས་པ་མེད་རུང་དཀའ་ཚེགས་ཆེ་བའི་ལས་ཀ་འདི་རིགས་སྒྲུབ་པར་རྒྱབ་བསྐྱོར་བྱེད་ཐུབ་ན་རྩེ་འདྲ་རེད། རང་ཉིད་ཁོ་ནའི་ཕྱོགས་ནས་བེད་མེད་ཞེས་འགག་ན་དངོས་གནས་སེམས་སྐྱོ་བ་གཅིག་འདུག།

    2. འོ་ཙིས་་་་ཕན་མེད་ག་ནས་ཡིན་པ་་་་རྩིས་འཁོར་ནང་དུ་ད་ཞག་ཧི་མ་ལ་ཡས་གཙོས་པའི་ཡིག་གཟུགས་འདྲ་མིན་སྣ་ཚོགས་བེད་སྤྱད་ཐུབ་ཀྱིས་་་་གཉེན་ཆས་ཁ་ཤས་ནང་སམ་བྷོ་ཏྲ་ལས་མ་འཆར་བ་ཡིནའི་་་་འཇུག་ལ་སྒྲིག་བཀོད་ཡག་པོ་བྱས་ན་ཚང་མ་བེད་སྤྱད་ཐུབ་ཀྱིན་འདུག་་་་མ་གཞི་ནས་གློག་ཀླད་ནང་འཆར་བ་ཙམ་གྱི་དྲ་བའི་གར་སྟེགས་ཁྲོད་བཞུགས་ཐུབ་པ་རེད་་་་དེས་ང་ཚོའི་རིག་གནས་དར་སྤེལ་ལ་ཕན་པ་ཡོད་ད་ཡོད་་་་་་་་་དེ་བས་དིང་རབ་དྲ་བ་ཡི་གེ་དང་བརྙན་ཐུང་། པར་བཅས་ཀྱི་གང་བྱས་ཡིན་དུས་PS PRསོགས་ལ་རྨི་ལམ་འདྲ་བའི་སྒྱུ་རྩལ་ཅན་གྱི་ཡིག་གཟུགས་དེ་ཚོས་ཕན་པ་ཆེན་པོ་ཡོག་རེད་་་་ཁྱེད་རང་དེ་འདྲ་གསུངས་པ་ཐལ་སོང་བ་རེད།

  2. སྐར་ཁུང་ནང་ཕབ་ལེན་བྱས་ཀྱང་ཡིག་གཟུགས་ལེགས་པོ་ཡོང་ཐབས་མི་འདུག དབྱངས་ཡིག་ཚང་མ་རྨང་གཞིའི་ཡི་གེ་སྟེང་མི་འདུག གསལ་བཤད་རེ་གནང་རོགས།

མཆན་སྤེལ་ཡུལ་ནི་ བདེན་པའི་མེ་དཔུང་། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།