ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས།

སྤྱིར་ན་ཀུ་ཤུའི་གློག་ཀླད་ནང་དུ་བོད་ཡིག་གི་ཡིག་གཟུགས་སྣ་ཁ་གཉིས་དང་མཐེབ་གཞོང་ལ་སྣ་ཁ་གསུམ་འདུས་གྲུབ་བྱས་ཡོད་མོད། འོན་ཀྱང་སྐར་ཁུང་(Windows)རྒྱུད་ཁོངས་ལ་གོམས་ལོབས་སུ་སོང་བའི་སྤྱོད་མཁན་ཞིག་ལ་མཚོན་ན་ཕྲ་མཉེན་ཧི་མ་ལ་ཡའི་མཐེབ་གཞོང་དེ་ལ་ཅུང་བྱང་ཡོད་པས། ཐོག་མར་ཀུ་ཤུའི་གློག་ཀླད་ལ་འཇུག་དུས་སུ་ཧི་མ་ལ་ཡའི་མཐེབ་གཞོང་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་གིན་ཡོད་པ་རེད།

མཉེན་ཆས་ཕབ་ལེན་གྲུབ་རྗེས་ཐོག་མར་བཙིར་གནོན་ལས་གྲོལ་དགོས་པ་དང་། དེ་ནས་ finder ཡི་འཆར་ངོས་ཁྲོད་དུ་མྱུར་མཐེབ་འདི་མནོན། shift+command+g 

འདི་ལྟར་བླུགས་རོགས། /library/Keyboard Layouts/

ཡིག་ཆ Himalaya Keyboard Layout.bundle དེ་དྲུད་ནས་ཡིག་སྣོད Keyboard Layouts ནང་ལ་སྦྱོར་དགོས་པ་དང་། “鉴定”མནན་ཏེ་གསང་ཨང་བླུགས་དགོས།

དམར་ཐིག་བརྒྱབ་པ་དེ་མནན་ནས་སྒྲིག་འཇུག་བྱོས།
ཁྱེད་རང་གི་གློག་ཀླད་ཀྱི་གསང་ཨང་བླུགས་ནས་གནང་རོགས།

དེ་ལྟར་གྲུབ་རྗེས་ཁྱེད་ཀྱི་གློག་ཀླད་ཁྲོད་དུ་ཧི་མ་ལ་ཡའི་མཐེབ་གཞོང་སྒྲིག་འཇུག་བྱས་ཟིན་པ་དང་། མཛུབ་གནོན་ཁྲོད་དུ་ཁ་སྣོན་བྱེད་ཚུལ་ནི་ཕལ་ཆེར་ཁྱེད་རང་གིས་ཀྱང་མཁྱེན་སྲིད་ན་ཐང་། གཤམ་གསལ་ལྟར།

སྣོན་རྟགས་ལ་བསྣུན་དགོས།
གོ་རིམ་ལྟར་དམར་ཐིག་བརྒྱབ་པ་དེ་མནན་དགོས།
ཧི་མ་ལ་ཡ་བོད་ཡིག་གཏག་ཐབས་ཡོད་པ།

ད་ལྟ་ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས་ལ་ཤོག་ངོས་གསར་བ་ཞིག་བཟོས་ཡོད་པས་དེར་བསྐྱོད་རོགས།

“ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས།” ལ་ལན 22 སློག་འདུག

  1. ཉེ་ཆར་དུས་ཚོད་ཡོད་སྐབས།ངས་གློག་ཀླད་ཐོག་བོད་ཡིག་ཡི་གེ་རྒྱག་རྒྱུ་སྦྱང་འདོད། ཡིན་ནས་ལས་དྲྭ་ཐོག་ཏུ་ཡུན་རིང་པོ་ཞིག་འཚོལ་པ་ཡིན།བོད་ཡིག་གི་ཡི་གེ་གཏག་ཐབས་མང་པོ་ཞིག་འདུག། དེ་ནང་ནས་བོད་ཡིག་གི་ཡི་གེ་གཏག་ཐབས་ག་རེ་ཡག་པོ་ཡོད་པ་ཤེས་མ་སོང་།ཚང་མས་སྟབས་བདེ་པོ་དང་གཅིག་གྱུར་གྱི་བོད་ཡིག་འཇུག་ཐབས་ཤིག་རེད་ངོ་སྤྲོད་གནང་རོགས་ཞུ། བཀའ་དྲིན་ཆེ།

  2. ངས་Microsoft office 2016 for Mac དག་མ་ཉོས་ཀུ་ཤུའི་གློག་ཀླད་ནང་དུ་ཕབ་ལེན་བྱས་ནས་ཧི་མ་ལ་ཡའི་གཏག་ཐབས་སྤྱོད་མོད། wordནང་དུ་བརྩེགས་མ་གཏག་མི་ཐུབ་གི།དེ་རྒྱུ་མཚན་ག་རེ་ཡིན་ན་ལགས། གཞན་pptསོགས་ཀྱི་ནང་ནས་གཏག་ཐུབ་ཀྱི་འདུག Microsoft ལས་ཁུངས་ལ་དྲིས་མོད་ཧི་མ་ལ་ཡའི་གཏག་ཐབས་ཀྱི་གནད་དོན་རེད་ཟེར་གི ཧི་མ་ལ་ཡའི་གཏག་ཐབས་འདི་རིམ་པ་དཔར་ཆོག་གི་ཨེ་རེད་ལགས། ཡང་ན་དཔར་རིམ་གསར་མའི་ཧི་མ་ལ་ཡའི་གཏག་ཐབས་ཡོད་ནི་ཨེ་རེད་ལགས།

  3. དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེས་བསྐྲུན་པའི་དྲྭ་བ་འདི་འདྲ་ཞིག་གཉེར་བར་ངས་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཡང་ཡང་ཞུ་བ་ཡིན།།།།

    1. ཡིག་ནོར་ལ་མཉམ་འཇོག་བྱས་ནས་དྲ་བར་སྤེལ་ན་ལེགས།
      མི་རེས་ཡིག་ནོར་རེ་བྲིས་ན་ནམ་ཞིག་དྲ་རྒྱའི་འཇིག་རྟེན་སྟེང་དུ་ཡིག་ནོར་གྱིས་བཀང་ན་མི་རིགས་རང་གི་ངོ་ཚ་མ་ཡིན་ནམ།

    1. སྐུ་ཉིད་ཀྱིས་སྐད་འཕྲིན་འདི (1160187878) ལ་འབྲེལ་བ་གནང་སྟེ་སྒེར་ཐོག་ནས་ནང་བྱེད་ཚུལ་འཛུབ་སྟོན་ཅིག་མི་བྱེད་ཏ།

    2. ཀུ་ཤུའི་གློག་ཀླད་དཔར་རིམ་གསར་ཤོས་སོགས་སུ་གཏག་ཐབས་འདི་སྒྲིག་སྦྱོར་ཨེ་ཐུབ་ལགས། བཀའ་སློབ་གནང་རོགས། ཕབ་ལེན་བྱས་རྗེས་ཚོད་ལྟ་ཐེངས་མང་བྱས་ཀྱང་ལེགས་གྲུབ་མ་བྱུང་། རང་ཉིད་ཀྱིས་བཀོལ་སྤྱོད་མ་ཤེས་པས་ཡིན་ནམ། ཡང་ན་གཏག་ཐབས་མ་ལག་འདི་ཀུ་ཤུའི་གློག་ཀླད་དཔར་རིམ་གསར་ཤོས་སོགས་སུ་རྒྱབ་སྐྱོར་མ་ཐོབ་པས་ཡིན། གང་ལྟར་མཛད་པ་པོས་གཏག་ཐབས་འདི་ལ་ལེགས་བཅོས་ཤིག་གནང་རྒྱུའི་འདུན་པ་ཆེ།

  4. /Users/gusangduioji/Desktop/CAE9D292-02E3-4EDE-9399-3CE4146F5BFE.png
    /Users/gusangduioji/Desktop/BA78EAB6-8D54-498F-A790-8B79F36298CE.png
    苹果电脑安装喜马拉雅出现这种情况,请高人执教!
    由于目前在苹果上未安装喜马拉雅,所以只能打中文的形式向贵方请教,望见谅!

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།