ཚང་མའི་ཤེས་གསལ་ལྟར། Microsoft Office 2010 ནང་བོད་ཡིག་གཏག་སྐབས། ཚིག་ཕྲེང་གཅིག་གི་ཡི་གེ་ཁ་བཀང་རྗེས་རང་འགུལ་ནས་མར་བབས་ཏེ་ཚིག་ཕྲེང་གོང་འོག་གི་གཅོད་མཚམས་དོ་མི་མཉམ་པ་ཞིག་འབྱུང་ངེས་རེད། དེའི་རྒྱུ་རྐྱེན་ནི་མཉེན་ཆས་རང་གི་སྐད་ཡིག་འདེམས་བྱང་ནང་བོད་ཡིག་གི་གཏག་ཆས་དེ་ཁ་སྣོན་བྱས་མེད་པའི་སྐྱོན་རེད། དེས་ན་ང་ཚོ་བོད་ཡིག་སྤྱོད་མི་ཚོས་དང་ཐོག་སྒྲིག་སྦྱོར་དེའི་ནང་བོད་ཡིག་ཁ་སྣོན་བྱེད་དགོས་པ་ཡིན་ཏེ། བོད་ཡིག་ཁ་སྣོན་བྱུང་ཚེ་གནད་དོན་དེ་རྩ་བ་ནས་འདོར་ཐུབ་ཅིང་། ཚིག་ཕྲེང་སོ་སོའི་དབྱེ་མཚམས་དེ་མཉེན་ཆས་རང་འགུལ་ནས་ཐག་གཅོད་བྱེད་ཐུབ་པ་རེད། དེས་ན་སྒྲིག་སྦྱོར་བྱེད་སྟངས་ནི་གཤམ་ལྟར་རོ།
དང་པོ། Microsoft Office 2010མཉེན་ཆས་ཀྱི་ཁ་ཕྱེ་རྗེས་ཡིག་ཆ༼文件༽ཞེས་པའི་སྟེང་གནོན་དགོས།
གཉིས། གཤམ་གྱི་རེའུ་མིག་ལས་གདམ་བྱང༼选项༽ཞེས་པའི་སྟེང་གནོན་དགོས།
གསུམ། དེ་ནས་གཤམ་ལྟར་ཡོང་ལ། རེའུ་མིག་དེའི་ནང་དུ་སྐད་རིགས༼语言༽ཞེས་པའི་སྟེང་གནོན་དགོས།
བཞི། གཤམ་གྱི་རེའུ་མིག་ལས་སྐད་རིགས་གཞན་ཁ་སྣོན་བྱེད་ས༼添加其他编辑语言༽ཞེས་པའི་ཟུར་སྣེའི་སྟེང་གནོན་དགོས།
ལྔ། དེ་ནས་གཤམ་ལྟར་ཡོང་ལ། དེའི་ནང་བོད་ཡིག་འདེམས་དགོས།
དྲུག བོད་ཡིག་འདེམས་ཚར་བ།
བདུན། གཤམ་གྱི་རེའུ་མིག་ལས་གནས་སོར་འཇོག་བྱེད་པའི་༼设为默认༽སྟེང་གནོན་དགོས།
བརྒྱད། དེ་ནས་གཤམ་གསལ་ལྟར་བརྡ་བྱང་ཞིག་འདོན་ངེས་ཡིན་ལ། དེ་དུས་ཐད་ཀར༼是༽ཞེས་པ་མནན་པས་ཆོག
དགུ། གཤམ་དུ་གཏན་འཁེལ༼确定༽ཞེས་པའི་སྟེང་གནོན་དགོས།
བཅུ། མཇུག་མཐར༼是༽ཞེས་པ་གནན་རྗེས། ཡང་བསྐྱར Microsoft Office 2010 ཁ་འབྱེད་དེ་བོད་ཡིག་གཏག་ན་ཧ་ཅང་ལེགས་པོ་ཡིན།
“གཞུང་ལས་མཉེན་ཆས Microsoft Office 2010སྐོར་གྱི་ཤེས་བྱ་ཆུང་ཆུང་ཞིག” ལ་ལན་གཅིག་སློག་འདུག
ཧ་ཅང་ཡག་སོང་། སྤྱི་སེམས་ཆེ་བའི་མི་བུ་དག་ལ་བཀའ་དྲིན་ཆེ་ཞུ།