བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། རྒྱུད་ཁོངས་ Windows 10 དེ་བོད་ཡིག་གི་གཏག་ཐབས་ཕྱོགས་ནས་སྔོན་མའི་པར་གཞི་དང་བསྡུར་ན་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་པ་ནི་རྫོང་ཁ་གཏག་ཐབས་ཁ་སྣོན་བྱས་ཡོད་པ་དེ་རེད།
གཏག་ཐབས་ཁ་སྣོན་བྱེད་ཚུལ་ནི་གཤམ་གྱི་དཔེ་རིས་ལྟར།




དེ་ལྟར་གྲུབ་པ་ན་བོད་ཡིག་གི་གཏག་ཐབས་ཁ་སྣོན་བྱས་ཟིན་ཅིང་ཕབ་གཞོང་ནི་ཧི་མ་ལ་ཡ་གཏག་ཐབས་ལྟར་ཡིན།
གཏག་ཐབས་ཁ་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་མཉམ་བཞག་ཡོད་མཁན་ཞིག་ཡིན་ན་ཕལ་ཆེར་རྫོང་ཁ་གཏག་ཐབས་ཀྱང་མཐོང་ཡོད་སྲིད། དེ་ནི་གཤམ་གྱི་དཔེ་རིས་ལྟར།



པར་དབང་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་ཡོད་པས་གང་འདོད་བརྒྱུད་འགོད་མི་བྱེད་པའི་རེ་བ་ཞུ། གལ་ཏེ་བརྒྱུད་འགོད་བྱེད་དགོས་བྱུང་ཚེ་རྩོམ་ཁུངས་གསལ་པོར་འགོད་རོགས།
“རྒྱུད་ཁོངས་ Windows 10 ཁྲོད་དུ་བོད་ཡིག་གི་གཏག་ཐབས་ཁ་སྣོན་བྱེད་ཚུལ།” ལ་ལན 2 སློག་འདུག
w10ནང་གི་Excelདང་Pointནང་དུ་བོད་ཡིག་གི་ཡིག་གཟུགས་ཡག་པོ་ཞིག་འཆར་མི་ཐུབ་ཀི སུས་ཤེས་ན་མཛུབ་སྟོན་གནང་རོགས།
W10ནང་དུ་班智达མཉེན་ཆས་གང་འདྲ་བླུགས་དགོས། ང་ལ་ཞིབ་ཚབ་ཀྱི་སྒོ་ནས་རོགས་པ་གནང་རོགས་གནང་། ཧི་མ་ལ་ཡ་མཉེན་ཆས་དང་པོ་ནས་འདུག 设置 语言区域 添加语言 འདི་ལྟར་ཕྱིན་པ་ཡིན། ཡོང་གི་མིན་འདུག