རྒྱུ་སྐར་དང་ཉི་མའི་ཁྱིམ་རྒྱུད་ཀྱི་རིས་འགྲེལ།

རྒྱུ་སྐར་དང་ཉི་མའི་ཁྱིམ་རྒྱུད།
རྒྱུ་སྐར་དང་ཉི་མའི་ཁྱིམ་རྒྱུད།

སྐར་མ་པ་སངས། (Venus) དེ་ནི་སའི་གོ་ལ་དང་ཐག་ཉེ་ཤོས་ཡིན་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་ཞིག་སྟེ་ཉི་མར་སྐོར་འགྲོས་ཀྱི་ཡུན་ཚད་ཉིན་ཞག་༢༢༤.༧དང་འཁོར་འགྲོས་ཀྱི་ཡུན་ཚད་ཉིན་ཞག་༢༤༣ཙམ་ཡིན།

སྐར་མ་ལྷག་པ། (Mercury) ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་ཞིག་སྟེ། ཉི་མ་དང་བར་ཐག་ཆེས་ཉེ་ཞིང་དེའི་སྐོར་འགྲོས་ཀྱི་ཚད་ཉིན་ཞག་༨༨དང་། འཁོར་འགྲོས་ཀྱི་ཚད་ཉིན་ཞག་༥༨ལྷག་ཡིན།

སའི་གོ་ལ། ས་ལྒང་། (Earth) ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཏེ། ཉི་མ་དང་ཉེ་བའི་རྒྱུ་སྐར་གསུམ་པ། དབྱིབས་ཟླུམ་ལ་འཇོང་ཞད་ཅུང་ཡོད་པ། དམར་ལམ་གྱི་ཚངས་ཐིག་ཕྱེད་དུ་སྟོང་སྨི་༦༣༧༨ཙམ་དང་སྣེའི་ཚངས་ཐིག་ཕྱེད་དུ་སྟོང་སྨི་༦༣༥༧ཙམ་ཡོད་ཅིང་། འཁོར་འགྲོས་ཀྱི་ཚད་ནི་ཉིན་ཞག་གཅིག་དང་སྐོར་འགྲོས་ཀྱི་ཚད་ནི་ལོ་གཅིག ཕྱི་འཁོར་དུ་རླུང་ཆེན་བང་རིམ་གྱིས་བཏུམས་ཤིང་། ཕྱི་ངོས་ན་སྐམ་ས་དང་རྒྱ་མཚོ་ཡོད་པའི་མི་དང་སྲོག་ཆགས་དང་སྐྱེ་དངོས་སོགས་ཀྱི་འཚོ་བའི་གནས་ཡིན། དེ་ལ་སྲུང་སྐར་གཅིག་སྟེ་ཟླ་བ་ཡོད་པ་ཡིན།

སྐར་མ་མིག་དམར། (Mars) ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། ཉི་མ་ནས་ཕྱིར་བརྩིས་པའི་གོ་རིམ་ལྟར་ན་བཞི་པ་ཡིན་ཞིང་། སའི་གོ་ལ་ལས་བོངས་ཚད་ཆུང་ལ། བསྐོར་འགྲོས་ཀྱི་ཚད་ཉིན་ཞག་༦༨༧ཙམ་དང་། འཁོར་འགྲོས་ཀྱི་ཚད་ཆུ་ཚོད་༢༤དང་སྐར་༣༧ཙམ་ཡིན།

སྐར་མ་ཕུར་བུ། (Jupiter) ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མ་ཆེ་བ་བརྒྱད་ཀྱི་ཡ་གྱལ་ཉི་མ་ནས་ཕྱིར་བརྩིས་པའི་ལྔ་པ་སྟེ་ས་ལྒང་ལས་ལྡབ་༡༣༡༦ཙམ་གྱིས་ཆེ་ལ། སྐོར་འགྲོས་ཀྱི་ཚད་ལོ་༡༡.༨༦ཙམ་དང་འཁོར་འགྲོས་ཀྱི་ཚད་ཆུ་ཚོད་༩.༥༠ཙམ་ཡིན།

སྐར་མ་སྤེན་པ། (Saturn) ཉི་མའི་ཁྱིམ་རྒྱུད་ཀྱི་ལས་རིམ་པར་བརྩིས་པའི་གཟའ་དྲུག་པ་ཡིན་ལ། སྐོར་འགྲོས་ཚད་ལོ་༢༩.༤༦དང་འཁོར་འགྲོས་ཀྱི་ཚད་ཆུ་ཚོད་༡༠.༡༤ཙམ་ཡིན།

སྐར་མ་གནམ་རྒྱལ། (Uranus) ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་ཆེ་ཤོས་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། ཉི་མར་བསྐོར་བ་བྱེད་པའི་དཀྱིལ་འཁོར་གྱི་ཚད་ནི་ལོ་༨༤.༠༡ཡིན་ལ། རང་འཁོར་གྱི་དཀྱིལ་འཁོར་ཚད་ནི་ཆུ་ཚོད་༢༣.༩ཡིན།

སྐར་མ་མཚོ་རྒྱལ། (Neptune) ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེ་བ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན།

སྐར་མ་གཤིན་རྒྱལ། (Pluto) ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེ་བ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན།

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།