དཀར་ཆག
རྒྱུན་ཤེས།

Pages སོགས་ཀུ་ཤུའི་མཉེན་ཆས་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་ཀྱི་བརྩེགས་འདོགས་གནད་དོན་སེལ་ཐབས།

སྔོན་ཆད་ཅིག་ལ་ངས་ཀུ་ཤུའི་གློག་ཀླད་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་སྣ་ཁ་བཅུ་བོ་དེ་སྒྲིག་འཇུག་བྱས་པ་དང་། Pages སོགས་ཀྱི་ནང་དུ་བོད་ཡིག་གཏག་དུས་བརྩེགས་འདོགས་ལ་སྐྱོན་ཤོར་བའི་གནས་ཚུལ་ཞིག་འཕྲད་མྱོང་། སྐབས་དེར་གྲོགས་པོ་མང་པོར་དྲིས་ཀྱང་གནད་དོན་འདི་བྱུང་རྐྱེན་ལ་དེ་འདྲའི་ཧ་གོ་མ་སོང་། རྗེས་སུ་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད་གནད་དོན་རྙེད་བྱུང་བ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས་ཡིག་གཟུགས་འདི་དག་གི་པར་གཞི་གསར་པ་ཞིག་ཏུ་བརྗེས་འདུག་པ་དེ་རེད། པར་གཞི་རྙིང་པ་ནི 2010 ལོའི་ཟླ 9 ཚེས 1 ཉིན་གསར་བཟོ་བྱས་པ་དང་། པར་གཞི་གསར་པ་ནི 2012 ལོའི་ཟླ 5 ཚེས 29 ཉིན་གསར་བཟོ་བྱས་འདུག་པ་གཤམ་གྱི་དཔེ་རིས་ལྟར།

ཡིག་གཟུགས་གསར་རྙིང་བསྡུར་བའི་དཔེ་རིས།
ཡིག་གཟུགས་གསར་རྙིང་བསྡུར་བའི་དཔེ་རིས།

པར་གཞི་གསར་པ་ཞིག་ཏུ་བསྒྱུར་དགོས་དོན་ནི་ཆ་མ་འཚལ་ཀྱང་། གང་ལྟར་རྒྱུད་ཁོངས Windows ནང་དུ་གནད་དོན་ཅི་ཡང་མི་འདུག་མོད་གཙོ་བོ་ཀུ་ཤུའི་གློག་ཀླད་ནང་དུ་བོད་ཡིག་གི་བརྩེགས་འདོགས་ལ་གནད་དོན་ཤོར་གྱིན་འདུག་པ་དེ་རེད། དེས་ན་གནད་དོན་དེ་སེལ་དགོས་ཚེ་ངེས་པར་དུ་ཡིག་གཟུགས་པར་གཞི་རྙིང་པ་དེ་སྒྲིག་འཇུག་བྱེད་རྒྱུ་ལས་འོས་མེད། ད་ལྟ་ངེད་དྲ་བའི་ཕབ་ལེན་ལེ་ཚན་དུ་ཀུ་ཤུའི་གློག་ཀླད་ནང་སྒྲིག་འཇུག་བྱེད་རུང་བའི་ཇོ་མོ་གླང་མའི་ཡིག་གཟུགས་ཀྱི་པར་གཞི་རྙིང་པ་དེ་མཁོ་སྤྲོད་བྱས་ཡོད་ལ། དགོས་མཁོ་བྱུང་ཚེ་དེ་ནས་ཕབ་ལེན་བྱེད་རུང་གི་ཡོད།

ཇོ་མོ་གླང་མའི་ཡིག་གཟུགས་ཕབ་ལེན།

དེ་ནས་ཀུ་ཤུའི་གློག་ཀླད་ནང་གི Pages ལ་དཔེར་བཞག་ནས་བཤད་ན་པར་གཞི་གསར་ཤོས་དེ་སྒྲིག་འཇུག་བྱས་ན་དེ་བས་ཡག་སྙམ། མིག་སྔར་པར་གཞི་གསར་ཤོས་ནི 5.2(1860) ཡིན་པ་གཤམ་གྱི་དཔེ་རིས་ལྟར།

Pages མཉེན་ཆས་ཀྱི་པར་གཞི་ལ་ལྟ་བ།
Pages མཉེན་ཆས་ཀྱི་པར་གཞི་ལ་ལྟ་བ།

འདིའི་ཕྱོགས་ནས་ད་དུང་གནད་དོན་ལ་འཕྲད་ཚེ་གཤམ་དུ་དཔྱད་མཆན་འགོད་པའི་རེ་བ་ཤིན་ཏུ་ཆེ་བ་དང་། གཞན་ཡང Pages ཕུད་པའི་མཉེན་ཆས Numbers དང Keynote སོགས་ཀྱི་ནང་དུ་རིགས་བསྒྲེ་བར་བྱའོ།།

[རྩོམ་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ།] [རྩོམ་པ་པོ། གླིང་སྨྱོན།]

“Pages སོགས་ཀུ་ཤུའི་མཉེན་ཆས་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་ཀྱི་བརྩེགས་འདོགས་གནད་དོན་སེལ་ཐབས།” ལ་ལན 7 སློག་འདུག

བཀྲིས་བདེ་ལེགས། གུས་པའི་ཨའི་པད་(ipad)ཀྱི་(Pages)ནང་མགོ་ཅན་རྣམས་འབྲི་ཐུབ་ཀྱི་མིན་འདུག དེ་ལ་ཐབས་ཤེས་གང་ཡོད་ནའང་ལན་གཅིག་གནང་རོགས། ཐུགས་རྗེ་ཆེ།

གླིང་སྨྱོན་ལགས། གོང་དུ་ངས་སྐད་བཞག་ཡོད་པ་ནང་བཞིནMacནང་ལ་གསར་དུ་ཚད་ལྡནOfficeཡིWordསྤྱད་དེ་ཡི་གེ་བྲིས་པར་མ་གཞིMacནང་ལ་ཡོད་པའི་ཡིག་གཟུགས་དེ་དང་གཞན་ཁ་ཤས་ཤིག་མིང་གཞི་བརྩེགས་འདོགས་དབྱངས་ལ་སོགས་པ་སོ་སོར་འཐོར་ཡོད་པའི་སྣང་ཚུལ་འདུག་པས་འདི་ལ་སེལ་ཐབས་ཤིག་ཨེ་ཡོད་ཉིད་ཀྱི་ལན་ཞིག་རྒྱག་པར་ཞུ།

ཟླ་བ་ལགས། སྤྱིར་བཏང་དུ་ཀུ་ཤུའི་གློག་ཀླད་ནང་དུ་རྩོམ་འབྲིའི་ལས་ཀ་བྱ་དགོས་ཚེ Pages བེད་སྤྱོད་གནང་གིན་ཡོད་པ་དང་། ཁྱེད་རང་གིས་ངེས་པར་དུ Microsoft Word བེད་སྤྱོད་གཏོང་རྒྱུ་ཡིན་ན་ཡིག་གཟུགས་ལ་ཡང Microsoft Himalaya འདེམས་རྒྱུ་གལ་ཆེན་པོ་ཡིན།

གླིང་སྨྱོན་ལགས། ཉིད་ཀྱིས་གསུངས་པ་ནང་བཞིན་རེད། ད་ལྟ་བདག་གིསPagesསྤྱོད་ཀྱིན་ཡོད། Wordནང་ལMicrosoft Himalayaལ་སོགས་གཞན་ཁ་ཤས་ཤིག་མ་གཏོགས་ཀེ་ལ་ཤ་ཟེར་བMacརང་ནང་གི་ཡིག་གཟུགས་དེ་ཡག་པོ་འཆར་ཐུབ་ཀྱི་མི་འདུག བདག་གིསWordནང་ལ་འཇོག་དོན་གཙོ་བོ་ཡང་ཀེ་ལ་ཤ་དེ་ཡག་པོ་ཞིག་འཆར་ཨེ་ཐུབ་ཡིན་མོད་ད་ནི་ཐབས་ཤེས་མི་འདུག་པ་འདྲ།

གླིང་སྨྱོན་ལགས། Macནང་དུ་དཔྱད་རྩོམ་འབྲི་བདེ་བ་ཡོང་ཆེདOffice for Mac 2011ཞེས་པ་བཅུག་ཡོད་མོད། མ་གཞིMacརང་ལ་ཡོད་པའི་ཡིག་གཟུགས་དེ་མིང་གཞི་དང་དབྱངས་བཞི། མིང་གཞི་དང་བརྩེགས་འདོགས་ལ་སོགས་པ་ཁ་ཁ་སོ་སོར་བྲལ་ནས་ཡག་པོ་འཆར་ཐུབ་ཀྱི་མི་འདུག་པས། འདི་སེལ་བ་ལ་ཐབས་ཤིག་ཨེ་ཡོད་ལགས།

གུས་པས་ཞུ་རྒྱུར། ཧི་གཟུགས་ཀྱི་པར་གཞི་གསར་ཤོས་དེས་བརྩེགས་འདོགས་ཀྱི་གནད་དོན་དེ་སེལ་ཐུབ་པ་ཡིན་ནམ། གཞན་པར་གཞི་གསར་ཤོས་དེ་ཕབ་ལེན་བྱེ་གནས་ཤིག་ཡོད་དམ། ཡོད་པའི་ཚེ་ན་གང་ཡིན་ནམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།