Adobe InDesign ནི་དཔེ་དེབ་དང་ཚགས་པར་སོགས་པར་སྒྲིག་མཉེན་ཆས་ཅིག་ཡིན་ལ། བོད་ཡིག་ལའང་རྒྱབ་སྐྱོར་ཐོབ་ཡོད་མོད། འོན་ཀྱང་སྒྲིག་འགོད་ཅིག་བྱེད་དགོས་ཀྱིན་ཡོད་པ་ནི། ཀུ་ཤུའི་གློག་ཀླད་ནང་དུ་དཔེ་བཞག་ནས་བཤད་ན་གཤམ་གྱི་དཔེ་རིས་ལྟར།



དེ་ལྟར་གྲུབ་ཚར་རྗེས་ཁྱེད་ཀྱིས་བོད་ཡིག་གི་རྒྱལ་སྤྱིའི་ཨང་སྒྲིག་ཅན་གྱི་ཡིག་གཟུགས་གང་རུང་དག་མཉེན་ཆས་འདིའི་ནང་དུ་པར་སྒྲིག་ཡག་པོ་བྱེད་ཐུབ་ལ། བརྩེགས་འདོགས་གནད་དོན་སོགས་ཡོངས་སུ་སེལ་ཐུབ་བོ།།
“Adobe InDesign ནང་དུ་བོད་ཡིག་གིས་པར་སྒྲིག་བྱེད་ཚུལ།” ལ་ལན 15 སློག་འདུག
Windowsམ་ལག་གློག་ཀླད་ནང་དུ་དཔེ་བཞག་ནས་བཤད་ན་གང་འདྲས་སེ་རེད་དམ༻།
དཔེ་ཡག་པོ་འདུག བཀའ་དྲིན་ཆེ།
ཕྲན་གྱིས་བེད་སྤྱོད་བྱེད་བཞིན་པའི་adobe photoshop Indesignནང་བརྩེགས་མ་ཅན་འགྱུར་འགྲོ་བས་དེ་ལ་ཐབས་ཤེས་ཅི་ཡོད་པ་རེད་ལགས།
in Design cs4, cs5, cs6 རྣམས་རིམ་པ་སྤར་པའི་ཐོན་གསར་ཡིན་ཡང་བོད་ཡིག་ཁ་ཆག་སྣ་རལ་ལས་མི་འཆར། མཉེན་ཆས་in Design cs3 ནི་རྒས་ཡོལ་ལ་བརྫངས་པ་ལྟ་བུས་ཁྲོམ་ར་ནས་མི་རག དེ་ཚོངས་ལབ་ན་ཚོང་གཉེར་བས་ཐོན་གསར་མི་ཉོ་བར་ཅེས་འཕྱ་ལབ་ཀྱང་རྒྱག། ཅི་བྱེད་ན་བཟང་ངམ། ཤེས་ལྡན་ཚོས་ཟེར་ན།
IDcs6 ནང་དུ་ ྀགི་གུ་ཕྱིར་ལོག་ཡོང་གི་མི་འདུག་དེ་ལ་ལམ་སྟོན་རེ་གནང་རོགས
གློག་བརྙན་སྒྲིག་བཟོ་མཉེན་ཆས་Adobe Premier CS6ནང་བོད་ཡིག་གི་མགོ་འདོགས་འཆོལ་བའི་༼ དབྱངས་འདོགས་རྨང་གཞི་དང་འདྲེས་འགྲོ་བ ༽སྣང་ཚུལ་དེ་ཅི་ལྟར་ཐག་གཅོད་དགོས་སམ། ལྷན་རྒྱས་ནས་ལན་ཅིག་གནང་རོགས།
ཁྱེད་ཀྱི་གློག་ཀླད་ཀྱི་མ་ལག་windows༧པའི་ཚད་༣༢ཡིན་ན་ (Windows 7 32位)སྔོ་ལ་པན་ཊྲི་ཏའི་བཏགས་ཆས་(班智达输入法)ཕབ་ལེན་དང་ནང་འཇུག་བྱས་རྗེས་ པན་ཊྲི་ཏའིབཏགས་ཆས་བེད་སྤྱད་ནས་ཚོད་ལྟ་ཞིག་གནང་རོགས་།
Adobe InDesign CCནང་དུ་བོད་ཡིག་སྒྲིག་སྐབས་ད་སྔ་སྐྱོན་གཉིས་མཐོང་སྟེ། ༡ སྐྲྀ་ལྟ་བུའི་གུ་གི་ཕྱིར་ལོག་ཅན་ངོས་མི་ཟིན་པ། ༢ ཕྲེང་གི་མཇུག་ཏུ་ཉིས་ཤད་བྱུང་ནས་མ་ཤོང་ན་ཤད་རྗེས་མ་དེ་ཕྲེང་འོག་མའི་མགོ་ལ་ཤོར་འགྲོ་བ་བཅས་ལ་ཐབས་ཤེས་ཡོད་དམ།
གོང་གི་མཉེན་ཆས་དེ་ཕབ་ལེན་བྱེད་སའི་གནས་གང་ཡིན་པ་གསལ་བོ་ངོ་སྤྲོད་བྱེད་ན་ལེགས་པོ་རེད་བསམ་གི་ཡོད།
སྙི་ཆས་དེ་རིགས་དེའི་མིང་དྲ་ཐོག་འཚོལ་བཤེར་བྱས་ན་ཕབ་ལེན་གནས་མང་པོ་མཁོ་འདོན་བྱེད་ཀྱི་འདུག།
རྩིས་འཕྲུལ་ནང་དུ་ཁྱེའུ་འཕྲིན་ལ་qqབོད་ཡིག་ལེགས་པོ་འཆར་མི་ཐུབ་ཀི་ཐབས་ཡོད་དམ།
ང་ལ་ཡོད་པ་ནི་Adobe CS6 Indesign དང་Illustrator Photoshop བཅས་ཡིན། བྱས་ཙང། བོད་ཡིག་གི་ཡིག་གཟུགས་རྣམས་གཅིག་ཐོག་གཅིག་བརྩེགས་ནས་དཀའ་ངལ་ཆེན་པོ་འདུག
ངས་གོང་གི་བྱེད་ཐབས་དེ་བེད་སྤྱོད་བྱས་མོད། ལམ་ལྷོང་དུ་བྱུང་མ་སོང། ཐབས་གཞན་འདྲ་ཡོད་དམ།
Adobe CS CC ནང་ལ་འདི་འདྲ་མགོ་མྱོག་བྱ་མི་དགོས་པར་ལས་སླ་བོ་ངང་ནས་བོད་ཡིད་བེད་སྤྱོད་བྱ་ཐུབ། ཁྱེད་ཀྱི་སྐད་ཡིག་འདེམས་དུས་Adobe Arabic ཡང་ན་ Adobe Hebrew གཉིས་ལས་གང་རུང་ཞིག་འདེམས་ནས་ནང་འཇུག་བྱས་རྗེས་ adobe after effects and adobe premier pro གཉིས་མ་གཏོགས་ཚང་མ་ནང་ལ་བོད་ཡིག་འཆར་ཐུབ།
དྲ་གྲོགས་རྩམ་ཁུག་ལགས། Adobe premier cs6ནང་བོད་ཡིག་གི་མགོ་འདོགས་འཆོལ་བའི་སྣང་ཚུལ་ཅི་ལྟར་ཐག་གཅོད་བྱེད་དགོས་སམ། ལན་ཅིག་ཡོད་པ་ཞུ།
འོ་ན་ adobe premiere cc ནང་བོད་ཡིག་གང་གྲ་འཇུག་དགོས་སམ་
བཀའ་དྲིན་ཆེ་།