དཀར་ཆག
རྒྱུན་ཤེས།

Windows Vistaནང་བོད་ཡིག་སྒྲིག་འཇུག་བྱེད་སྟངས་ཀྱི་སྐོར།

ཨོའུ་རོན་ Windows Vista བཀོད་སྤྱོད་རྒྱུད་ཁོངས་གསར་པ་དེ་ནང་ཕྱོགས་ཡོངས་ནས་བོད་ཡིག་ལ་རྒྱབ་སྐྱོར་བྱེད་ཡོད་པ། Windows Vistaཐོན་ཟོག་གང་འདྲ་ཞིག་ནང་དཔེ་ན། སྐད་ཡིག་དཔར་གཞི་ཡིན་ནི་འདྲ་ཚང་མའི་ནང་བོད་ཡིག་ལ་རྒྱབ་སྐྱོར་བྱེད་ཡོད་། དེས་འཛམ་བུ་གླིང་གི་ཁུག་ཁྱོག་གང་འདྲ་ཞིག་གི་རྩིག་འཁོར་ནང་Windows Vista སྒྲིག་འཇུག་བྱེད་ཡོད་ན་བོད་ཡིག་ནང་འཇུག་དང་སྒྲིག་གཅོད་བྱེད་ཐུབ་པ་མཚོན་གྱི་ཡོད་པ།

ཁྱེད་རང་གི་རྩིག་འཁོར་ནང་བོད་ཡིག་སྒྲིག་གཙོད་བྱེད་འདོད་ཡོད་ན། གཤམ་གསལ་ལས་སླ་བའི་བྱེད་རིམ་ཁ་ཤས་ལེགས་འགྲུབ་་བྱེད་དགོས།

ཁྱེད་རང་གི་རྩིག་འཁོར་ནང་བོད་ཡིག་སྒྲིག་གཙོད་བྱེད་དུས། བོད་ཡིག་འདེམས། དེ་མ་བྱེད་པ་ཡིན་ན་གཤམ་གསལ་གྱི་བྱེད་རིམ་དེ་ལེགས་འགྲུབ་དགོས།

༡ “ཚོད་འཛིན་ངོས་ལེབ་ “ནང་

༢ “སྐད་ཡིག་དང་ཁུལ་ཁོངས་ “འདེམས་བྱང་དེར་གཅིག་གནོན།

༣ “སྐད་ཡིག་ “འདེམས་ནས་རྗེས་ཡང་ “ཆ་འཕྲིན་ཞིབ་ཕྲ་ “དེ་འདེམས་དགོས་པ།

༤ “ཁ་སྣོན་ “ཟེར་བའི་དེ་གཅིག་རྡེབ་ནས་ “ནང་འཇུག་སྐད་ཡིག་ “ནས་མར་འཐེན་འདེམས་བྱང་ནང་”བོད་ཡིག་”འདེམས་དགོས།

༥ “མཐེབ་གཞོང་བཀོད་སྒྲིག་ “མར་འཐེན་འདེམས་བྱང་ནང་”ཨོའུ་རོན་བོད་ཡིག་མཐེབ་གཞོང་བཀོད་སྒྲིག”འདེམས་དགོས།

༦ “ཆོག་ ” ཟེར་བའི་འདེམས་ནས་གླེང་སྒྲོམ་ཚང་མ་ཁ་རྒྱག

༧ Windows Vista ཅོག་ངོས་སྒང་གི་ལས་འགན་ཚན་བྱང་ནང་གི་སྐད་ཡིག་ཚན་བྱང་དེའི་ཐོག་”BO Tibetan(PRC) “རྟགས་ཡོད་པའི་བོད་ཡིག་མཐེབ་གཞོང་དེ་མཐོང་གི་རེད།

དེ་འདྲ་ཡིན་ན། ཁྱེད་རང་གི་རྩིག་འཁོར་ནང་དུ་བོད་ཡིག་རྒྱག་ཆོག་གི་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།