སྤྱིར་བཏང་དུ་ལག་འཁྱེར་ཁ་པར་ཞིག་ཉོ་དགོས་བྱུང་ཚེ། བོད་པ་ཚོས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་ནི་ཁ་པར་དེའི་ནང་དུ་བོད་ཡིག་ཡོད་མེད་དེ་རེད། ཀུན་གྱིས་ཤེས་གསལ་ལྟར་ན། ཀུ་ཤུའི་ཁ་པར་ནང་དུ་བོད་ཡིག་ཡོད་པ་མ་ཟད་གཏག་ཐབས་ཀྱང་འདུས་ཡོད་མོད། རིན་གོང་ནི་ཅུང་མཐོ་བས་མང་ཆེ་བས་ཉོ་ཐུབ་པ་མ་རེད། དེས་ན་ཁ་པར་གཞན་པ་ནི་ཕལ་ཆེར་བའི་མ་ལག་ཨན་གྲོལ་ཟེར་བ་དེ་ཡིན་འདུག་པ་དང་། སམ་སུང་(Samsung)ཟེར་བའི་ཁ་པར་དེ་ཡག་པོ་ཞིག་ཏུ་བརྩི་བཞིན་ཡོད། དེའི་མིང་ལ་རྒྱ་ཡིག་གིས་སན་ཤིན(三星)ཅེས་འབོད་ལ། དེ་ཡང་སྒྲ་བསྒྱུར་ཡིན་པ་ལས་སྐར་གསུམ་ཟེར་བའི་དོན་ཞིག་རྩ་བ་ནས་མིན། ཡིན་ཡང་གླེན་པ་ཁ་ནག་འགས་ཅི་ཞིག་ཤེས་མདོག་གིས་སྐར་གསུམ་ཁ་པར་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། ཁ་པར་དེ་ནི་ཁོ་རེ་ཡ་ལྷོ་མས་བཟོས་པ་ཞིག་ཡིན་ལ། བོད་སྐད་དུ་སྒྲ་བསྒྱུར་བྱས་ན་སམ་སུང་ཅེས་འབོད་པ་རེད། སམ་སུང་ཕུད་ད་དུང་ཨན་གྲོལ་མ་ལག་ཡིན་པའི་ཁ་པར་ནི་བགྲང་གིས་མི་ལངས་པ་ཞིག་རེད།

མིག་སྔར་བོད་ཡིག་འདུས་པའི་ཁ་པར་ནི་ཨཱོ་ཕོ(OPPO)ཟེར་བ་དེ་དང་ཐོ་བ(锤子)ཟེར་བའི་རྒྱ་ནག་གི་ཁ་པར་དེ་གཉིས་ཡིན་འདུག་ཅིང་། ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཁྱེད་ཚོར་འདི་གཉིས་འོས་སྦྱོར་བྱས་པ་ཡིན། བོད་ནང་གི་ཉོ་མཁན་ཚོས་ཀུ་ཤུ་མ་ཡིན་པའི་ཁ་པར་ཁྲོད་ནས་ཐོག་མར་འདི་གཉིས་ལ་བསམ་བློ་འཁོར་ཆོག་གི་རེད།


ཐོ་བ(锤子)ཁ་པར་ནང་དུ་བོད་ཡིག་འཇོག་པའི་གྲོས་གཞི་འདོན་མཁན་ནི་བོད་ནང་དུ་གནས་སྡོད་བྱེད་པའི་ལུག་རིན་པོ་ཆེ་ཟེར་བའི་དངོས་མིང་ལ་ཡེ་ཤེས་བསྟན་འཛིན་ཞུ་བ་དེ་རེད་འདུག་ལ། ཁོང་གིས་ཐོ་བ་ཁ་པར་ནང་དུ་བོད་ཡིག་འཇོག་པར་རམ་འདེགས་ཚད་མེད་བྱས་ཤིང་། བྱས་རྗེས་འཇོག་མཁན་གཙོ་བོ་དེ་རེད།
དེ་ནས་སམ་སུང་ཁ་པར་ལ་དགའ་མཁན་ཞིག་ཡིན་ན། ཁ་པར་དེའི་ནང་དུ་སྤྱིར་བཏང་བོད་ཡིག་འདུས་མེད་མོད། འོན་ཀྱང་རེ་འདུན་མཐོན་པོ་མེད་མཁན་ཞིག་ཡིན་ན་བོད་ཡིག་སྒྲིག་འཇུག་ཤིན་ཏུ་སླ་པོ་ཡོད་པ་རེད། རོ་ཐུ(root)བྱེད་མི་དགོས་པར་ཐད་ཀར་ iFont爱字体 ཟེར་བའི་མཉེན་ཆས་དེ་སྒྲིག་བྱེད་པ་དང་། ཁ་ཕྱེ་ཚར་རྗེས་ཀོར་ཐིག་ཚོན་མདོག་ཅན་དེ་ཚོའི་ནང་དུ་རྒྱ་ཡིག་གིས་ 藏 བོད་ཅེས་པ་ཞིག་རྙེད་ཐུབ། དེ་མནན་ཚེ་བོད་ཡིག་གི་ཡིག་གཟུགས་མང་པོ་ཡོད་ལ་རང་གི་དགའ་ཕྱོགས་ལྟར་གཅིག་འདེམས་ནས་ཕབ་ལེན་བྱ་དགོས། སྒྲིག་འཇུག་ཚར་རྗེས་སྒྲིག་འགོད(设置)ནང་ལ་བསྐྱོད་དེ། ཡིག་གཟུགས་ཀྱི་བཀོད་པ(字体风格)ཞེས་པའི་ནང་ནས་རང་གིས་སྒྲིག་འཇུག་བྱས་ཟིན་པའི་བོད་ཡིག་གི་ཡིག་གཟུགས་དེར་གཏན་འཁེལ་གནང་ན་ཏན་ཏན་ཡོང་གི་རེད། དེ་ལྟར་ཚར་རྗེས་ཡིག་གཟུགས་སྒྲིག་འཇུག་གི་བྱ་བ་ཡོངས་སུ་རྫོགས་ཤིང་། ད་ནི་བོད་ཡིག་གི་གཏག་ཐབས་སྒྲིག་འཇུག་བྱེད་དགོས་པ་རེད།

ཨན་གྲོལ་མ་ལག་ཁྲོད་དུ་བོད་ཡིག་གི་གཏག་ཐབས་འགའ་ཤས་འདུག་མོད། ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཁྱེད་ཚོར་འོས་སྦྱོར་བྱེད་པ་ནི་མིང་ལ Multiling Keyboard ཟེར་བའི་མཉེན་ཆས་དེ་ཡིན། ཕབ་ལེན་བྱེད་གནས་ནི། Multiling Keyboard མཉེན་ཆས་དེ་སྒྲིག་འཇུག་བྱེད་སྟངས་ནི་ཤིན་ཏུ་སླ་བས་འདིར་མི་འགོད། དེ་ལྟར་གྲུབ་རྗེས་ཁྱེད་ཀྱི་སམ་སུང་ཁ་པར་དུ་བོད་ཡིག་བདེ་བླགས་ངང་བཅུག་ཚར་བ་ཡིན། ཡིན་ཡང་སྐད་འཕྲིན་གྱི་འཕྲིན་སྟེགས་ཁྲོད་ཀྱི་བོད་ཡིག་རྣམས་འཐོར་འདུག་པའི་གནད་དོན་ཞིག་ལ་འཕྲད་སྲིད། གནད་དོན་དེ་སེལ་དགོས་ན་ངེས་པར་དུ་རོ་ཐུ(root)བྱེད་དགོས།

རོ་ཐུ(root)ཅི་ལྟར་བྱེད་དགོས་པ་དང་ཨན་གྲོལ་མ་ལག་ཁྲོད་དུ་རྩ་བའི་ཆ་ནས་བོད་ཡིག་བླུགས་སྟངས་ཤེས་འདོད་ན། ངེད་དྲ་བའི་རྩོམ་པ་པོ་རྩེ་གངས་བུ་ལགས་ནས་བཟོས་པའི་“ཨན་གྲོལ་ཁ་པར་དུ་བོད་ཡིག་སྒྲིག་འཇུག་བྱེད་སྟངས། གཟུགས་བརྙན་སློབ་ཁྲིད།”དེ་ལ་གཟིགས་རོགས་ཞུ།
“ཨན་གྲོལ་ཁ་པར་དང་འབྲེལ་ནས་བོད་མི་རྣམས་ཀྱིས་ཤེས་དགོས་པའི་གནད་འགའ་བརྗོད་པ།” ལ་ལན 18 སློག་འདུག
དྲྭ་བདག་གཙོ་བྱས་བའི་ངྲྭ་གྲགས་ཡོངས་ལ་ངས་གློག་རྡུལ་དཔེ་དེབ་ལྟ་བྱེད་རྒྱ་མིང་ལ་文石ཟེར་བའི་ཨན་གྲོ་༤ཅན་གྱི་ནང་ལ་བོད་ཡིག་བོད་ཀྱི་བརྡ་འཕྲུན་ལག་རྩལ་ནང་ནས་བཤད་པ་ལྟར་བཞག་ཡོད་ལ།དེ་ངོ་མ་ཞིག་བཟང་གི་དེར་གནད་དོན་ཞིག་ལ་འཆར་ངོས་དང་དེབ་འགའ་རེ་ལ་བོད་ཡིག་མགོ་ཅན་དང་འདོག་ཅན་ཡག་པོ་འཆར་མི་ཐུབ་པའི་དེ་ལ་ཐབས་རེ་ཡོད་ན་གནང་རོག་ཞུ།
གང་ལྟར་དྲ་ཚིགས་འདི་བདག་ཉེར་བྱས་མཁན་དང་། འདིའི་ནང་དགོས་གལ་ཅན་གྱི་ཤེས་བྱ་ཁྱེར་ཡོང་མཁན་གྱི་ལྷག་བསམ་ཅན་དག་ལ་ཐུགས་རྗེ་ཆེ་ཞུ།
གྲོགས་པོ་ཚོ་ཁྱེད་ཚོ་བདེ་མོ།
གང་ལྟར་དྲ་ཚིགས་འདི་བདག་ཉེར་བྱས་མཁན་དང་། འདིའི་ནང་དགོས་གལ་ཅན་གྱི་ཤེས་བྱ་ཁྱེར་ཡོང་མཁན་གྱི་ལྷག་བསམ་ཅན་དག་ལ་ཐུགས་རྗེ་ཆེ་ཞུ།
མི་རིགས་ཞིག་གི་རིག་གནས་གི་ཁ་ཕྱོགས་ལ་འཕེལ་རྒྱས་དགོས་ན། དྲ་ཚིགས་འདི་འང་ཧ་ཅང་དགོས་གལ་ཆེ་བར་སྣང་།
སམ་སུང་ནི་ཀོ་རི་ཡའི་ཁེ་ལས་སྡེ་ཁག་ཅིག་ཡིན་པས་མིང་དེ་ཡང་ཀོ་རི་ཡའི་ཐ་སྙད་ཅིག་ཡིན་འདུག་ཅིང་། མིང་ཟུར་གཉིས་ལས་སམ་ཞེས་པ་གསུམ་དང་སུང་ཞེས་པ་སྐར་མ་ལ་གོ དེས་ན་དེ་གཉིས་བསྡེབས་ན་སྐར་མ་གསུམ་མམ་སྐར་གསུམ་དུ་གོ །རྒྱ་ཡིག་གི་སཱན་ཤིན(三星)ཞེས་པ་ཡང་སྒྲ་སྒྱུར་ཙམ་མིན་པ་འདྲ། དེས་ན་དེ་ལ་སྐར་གསུམ་ཟེར་ཡང་མི་ཆོག་པ་མེད་སྙམ། ཀོ་རི་ཡའི་ཚིག་སཱམ་ཞེས་པ་ཆེན་པོ་དང་། གྲངས་མང་བ། སྟོབས་ཅན་དང་། སུང་ཞེས་པ་རྒྱུན་ཆད་མེད་པའི་དོན་ཡིན་པས་དེ་གཉིས་སྦྲེལ་བའི་མིང་ཚིག་དེས་ཁེ་ལས་ཚན་པའི་ངོ་བོ་དང་དམིགས་ཡུལ་སྟོན་པ་རེད།
First, we ought to mention that Samsung is a company based in Seoul, South Korea, and as such, its name is purely Korean. Samsung is actually a word made of two parts – Sam and Sung, and each of them has a meaning. Sam stands for ‘three’ and Sung means ‘stars’, so combined together Samsung literally translates as ‘three stars’ or ‘tristar’. This Korean symbol (‘hanja’) stands to signify something that Samsung is “big, numerous, and powerful” (translated from the ‘sam’ hanja), and ‘eternal’ (as in the ‘sung’ hanja). Summing it all up, we have something big, powerful, and eternal embedded right in Samsung’s DNA, its brand name.
བགྲོ་གླེང་རེ་བྱས་འདོད་དུ།
བཀའ་དྲིན་ཆེ།
Rootནང་འཇུག་བྱེད་ཐུབ་གི་མི་འདུག། རྒྱ་ཡིག་འདི་ཤར་ནས་འདུག 试一下Pc版ཤེས་མཁན་ཡོད་ན་མཛུན་སྟོན་ཞིག་གནང་རོགས།
4.3ཨན་གྲོལ་ནང་དུ་བོད་ཡིག་ཅི་ལྟར་ལྡུག་དགོས།
爱字体 ཞེས་པ་དེ་ཕབ་ལེན་ཚར་རྗེས་“我的字体”ནང་ནས་བོད་ཡིག་ཡིག་གཟུགས་གདམ་ག་བྱེད་སྐབས་རྒྱ་ཡིག་འདི་“ 主题不是官方网站下载,请从官方网站下载同类主题”;ཐོན་ནས་ཡིག་གཟུགས་གདམ་ཐུབ་ཀྱི་མི་འདུག་ སྤུན་ཟླ་རྣམས་ཀྱི་རོགས་རམ་གནང་རོགས་ཞུ།།།
ཨན་གྲོལ་ཁ་པར་གྱི་Android version 4.1.2 དང་། འདིའི་ཡན་ཡིན་ཚེ་རོ་ཐྲི་(root)བྱ་མི་དགོས་པར་iFont ཞེས་པའི་མཉེན་ཆས་ནང་འཇུག་བྱས་པ་ཡིན་ན་ཁ་པར་བོད་ཡིག་གཙང་དག་འཆར་བ་ཡིན། ཡིན་གཟུགས་ཀྱང་ཧི་མ་ལ་ཡ། བོད་-འབྲུག་ཡིག་སོགས་ཡིག་གཟུགས་བཅུ་གྲངས་ལྷག་འདུག ཡིན་ཡང་། ཐེབ་གནོན་ཟུར་ནས་ཕབ་ལེན་བྱེད་དགོས་ཤིང་། ཨན་གྲོལ་ཁ་པར་ཡོད་ཚད་དུ་ཐེབ་གནོན་ལེན་མི་ཐུབ་པ་གཅིག་ཀྱང་མེད་པ་འདྲ། གོང་གི་འདི་དག་སམ་སུང་ལ་ཧ་ཅང་ལས་སླ་བོ་རེད།
རོ་ཐུ་བྱ་མི་དགོས་པ་ཡིན་ན་དངོས་གནས་ང་ཚོར་སྟབས་བདེ་བསྐྲུན་འདུག་ཨང་།
ད་རུང་ཧྭ་ཝེ་ཟེར་བ་བོད་ཡིག་མ་ལག་ཅན་གྱི་ཁ་པར་རིན་སྒོར་799བྱས་པ་ཞིག་འདུག་པ་ཤིན་ནས་ལེགས་པར་འདུག
ཐུག་རེག་མགྱོགས་ལ་བོད་ཡིག་སྒྲོས་གཙང་།
དེའི་སྐོར་ལ་ངོ་སྤྲོད་ཞིག་བྲིས་ནས་དྲ་ཐོག་སྤེལ་ཐུབ་ན་ཀུན་ལ་ཕན་ཐོགས་ཡོད་སྲིད་སྙམ།
ཁ་སང་དེ་རིང་ཨན་གྲོལ་ཁ་པར་ལ་བོད་ཡིག་ནང་འཇུག་བྱེད་པ་དེའི་བརྒྱུད་རིམ་ལས་བརྒལ་ཡོད་སྟབས། ཁ་པར་འདི་གཉིས་ཞེས་གཏན་ལ་དབབ་ན་མི་འགྲིག་གི དམངས་སྒོར་༣༠༠བརྒྱ་ཡས་མས་ཀྱི་ཅན་གྱི་ཁ་པར་ལ་བོད་ཡིག་འཇུག་ཆོག་གི་རེད། དེ་བས། ཚོང་ལས་སེམས་ལ་བཟུང་ནས་འཛད་སྤྱོད་པར་མགོ་སྐོར་མ་གཏོང་ལགས།
གྲོགས་པོ་ལགས། ངེད་དྲ་བས་ནི་ཁ་པར་དེ་གཉིས་ནང་དུ་བོད་ཡིག་འདུས་ཡོད་སྟབས་འོས་སྦྱོར་བྱས་པ་ཙམ་ལས་ཚོང་གི་འབྲེལ་བ་ཞིག་གཏན་ནས་མེད་ཡ།
བཀའ་དྲིན་ཆེ་ དགའ་སྤྲོ་ཧ་ཅང་ཆེ་ སྐུ་ལས་ཁག་སོང་ ཁྱེད་རྣམས་ཀྱི་ཁོ་བོ་ལ་ཤེས་བྱ་ཧ་ཅང་མང་པོ་སྟེར་བྱུང་།