དཀར་ཆག
རྒྱུན་ཤེས།

Windows 7 ནང་དུ་པཎྚིཏ་བོད་ཡིག་གཏག་མི་ཐུབ་པའི་གནད་དོན་ཐག་གཅོད་ཐབས།

དེ་ཡང་ཧི་མ་ལ་ཡ་ཅེས་པའི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག༼Unicode༽ཅན་གྱི་བོད་ཡིག་འདི་འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ངང་སྤྱོད་བཞིན་པའི་སྐབས་སུ། རྒྱལ་ནང་དུ་ད་དུང་ཡང་ཧི་གཟུགས་སྤྱོད་རྒྱུར་ཚད་བཀག་ཐེབས་བཞིན་འདུག དཔེར་ན་དར་ཆེ་བའི་གླེང་མོལ་མཉེན་ཆས་QQསོགས་ལྟ་བུའི་ནང་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་སྤྱོད་མི་ཐུབ་པར་བྱས་འདུག་པས་ན་པཎྚིཏ་བོད་ཡིག་མི་སྤྱོད་ཐབས་མེད་དུ་གྱུར་བའི་འུ་ཐུག་པའི་རྣམ་པ་མངོན་འདུག ཡིན་ཡང་Windows 7 ནང་དུ་པཎྚིཏ་བོད་ཡིག་ཐད་ཀར་གཏག་མི་ཐུབ་པའི་གནད་དོན་ཞིག་འདུག་པས་དྲ་གྲོགས་མང་ཆེ་བས་རྒྱུད་ཁོངས་གསར་བ་Windows 7དེ་མི་ལེགས་པར་སྙམ་གྱིན་འདུག བསམ་ཚུལ་དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན། Windows 7 ནང་དུ་པཎྚིཏ་བོད་ཡིག་ཐད་ཀར་གཏག་མི་ཐུབ་པའི་གནད་དོན་དེ་ནི་གཞན་གང་ཡང་མ་ཡིན་པར་ཐོ་ཁོངས་ཚོད་འཛིན་ལ་རག་ལས་འདུག

གནད་དོན་ཐག་གཅོད་ཐབས།


ཐོག་མར་ཚོད་འཛིན་པང་ངོས་(控制面板)ཁ་ཕྱེས་ནས་ཀློག་པའི་རྣམ་པ་དེ་པར་ཆེ་བའམ་ཆུང་བའི་སྟེང་འཇོག་དགོས།


དེ་ནས་སྤྱོད་མཁན་གྱི་ཐོ་ཁོངས་མནན་པ།


དེ་ནས་སྤྱོད་མཁན་གྱི་ཐོ་ཁོངས་ཚོད་འཛིན་སྒྲིག་བཀོད་བརྗེ་བསྒྱུར་བྱེད།(更改用户账户控制设置)


དེ་ནས་གཡོན་གྱི་འདེད་ཆས་དེ་ཆེས་གཤམ་གྱི་བརྡ་གཏན་ནས་མི་གཏོང་(从不通知)ཅེས་པ་དེར་གཏན་འཁེལ་བྱེད་དགོས་པ་དང་། མཇུག་མཐར་རྩིས་འཁོར་ཡང་བསྐྱར་སྒུལ་སློང་(重新启动计算机)བྱས་པས་འཐུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།