མཉེན་ཆས་བཟོ་བསྐྲུན་པ། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།
མཉེན་ཆས་ཀྱི་ཐོན་རིམ། 2.3.1
མཇུག་མཐའི་གསར་བཅོས། 2020ལོའི་ཟླ10ཚེས20ཉིན།
གསལ་བཤད། མཉེན་ཆས་འདི་ནི་རིན་མེད་མཁོ་སྤྲོད་ཡིན་པས་ཚོང་གི་ཕྱོགས་སུ་སྤྱོད་མི་རུང་།
ཀུ་ཤུའི་གློག་ཀླད་དུ་སྤྱོད་པའི་ཧི་མ་ལ་ཡ་གཏག་ཐབས་ཀྱི་ཐོན་རིམ་འདིའི་ནང་དུ་དེ་སྔའི་ཧི་མ་ལ་ཡ་གཏག་ཐབས་ལ་ལེགས་བཅོས་བཏང་ཡོད་པ་ནི།
ཐོན་རིམ2.3.1ནང་དུ་ལེགས་བཅོས་བཏང་བ་ནི།
- ཐོན་རིམ་སྔོན་མའི་ཤི་མཐེབ m དང M མནན་པའི་སྐབས་སུ་ཀུ་ཤུའི་བོད་ཡིག་གཏག་ཐབས་གཞན་དག་དང་མཐུན་པར་སྒྲ་སེལ་རྟགས་བསྣན་པ་དེ་ནང་སྙིང་ chromium ཡིན་པའི་བཤར་ཆས་ཁྲོད་དུ་གནད་དོན་འབྱུང་བ་དེར་དམིགས་ནས་མེད་པར་བྱས།
- སྒྲིག་འཇུག་ཁུག་མ་གསར་དུ་བཟོས་ནས་སྤྱོད་མཁན་ལ་དེ་བས་སྟབས་བདེ་བཟོས།
ཐོན་རིམ2.3.0ནང་དུ་ལེགས་བཅོས་བཏང་བ་ནི།
- ལ་ཏིང་གི་ཡི་གེ་གཏག་དུས་སུ་མཐེབ caps lock མནན་ཚེ་རང་འགུལ་གྱིས་མ་ལག་གི་དབྱིན་ཡིག་གཏག་ཐབས་ལ་འགྱུར་བར་བྱས་ཏེ་ཀུ་ཤུའི་མ་ལག་གི་སྒྲིག་གཞི་དང་མཐུན་པར་བྱས་པ།
- མཐེབ་ཁ་ཤས་སུ་ཡི་གེ་གཏག་མི་ཐུབ་པའི་གནད་དོན་སེལ་བ།
- བརྩེགས་པའི་སྐབས་ཀྱི་འ་ཆུང་གི་ཡི་གེ་དེ TIBETAN SUBJOINED LETTER -A དོར་ནས TIBETAN VOWEL SIGN AA སྤྱད་པ།
- ཤི་མཐེབ m དང M མནན་པའི་སྐབས་སུ་ཀུ་ཤུའི་བོད་ཡིག་གཏག་ཐབས་གཞན་དག་དང་མཐུན་པར་སྒྲ་སེལ་རྟགས་བསྣན་པ།
- སྒྲིག་འཇུག་བྱེད་དུས་སུ་སྒྲིག་འཇུག་ཆས་ཤིག་ལོགས་སུ་བསྣམ་ནས་སྤྱོད་མཁན་ལ་སྟབས་བདེ་བཟོས།
- དེ་ལས་མང་པའི་ཞིབ་ཆ་འགའ་ལ་ལེགས་བཅོས་བྱས་པ།
ཐོན་རིམ2.2.0ནང་དུ་ལེགས་བཅོས་བཏང་བ་ནི།
- མཐེབ caps lock མནན་ཚེ་དབྱིན་ཡིག་གི་གསལ་བྱེད་ཆུང་འབྲི་གཏག་ཐུབ་པ་དང་། དེ་ནས shift མནན་ཚེ་དབྱིན་ཡིག་གི་གསལ་བྱེད་ཆེ་འབྲི་གཏག་ཐུབ་པ་བྱས་ཡོད།
- གཏག་ཐབས་ཁ་སྣོན་བྱེད་དུས་སུ་བོད་ཡིག་གི་གྲས་སུ་མེད་པར་གཞན་དག་གི་གྲས་སུ་འདུག་པའི་གནད་དོན་སེལ་ཡོད་པ།
- ཡིག་རྐྱང་མཁོ་ཕབ་ (command+c) དང་སྦྱོར་ (command+v) མི་ཐུབ་པའི་གནད་དོན་སེལ་ཡོད་པ།
- སྒྲིག་འཇུག་བྱེད་སྟངས་ལ་འགྱུར་བ་བཏང་ཡོད་པ།
- རྟགས་རིས་ཀྱི་ཡི་གེ་ཧི་དེ་ཨ་ལ་བཅོས་ནས་ཕྱིའི་རྣམ་པ་ཇེ་མཛེས་སུ་བཏང་ཡོད་པ།
སྒྲིག་འཇུག་བྱེད་སྟངས།
མཉེན་ཆས་ཕབ་ལེན་ཚར་རྗེས་ཁུག་མའི་ཁ་ཕྱེ་སྟེ install མནན་ནས་སྒྲིག་འཇུག་བྱེད་པ།


གལ་སྲིད་དེ་འདྲ་ཞིག་འཆར་ཡོང་ཚེ། མ་ལག་སྒྲིག་འགོད་ནང་དུ་བསྐྱོད་ནས་གཤམ་གསལ་ལྟར་གནང་རོགས། (གཞུང་ཕྱོགས་ཀྱི་གསལ་བཤད་ཡི་གེར་གཟིགས་འདོད་ཚེ་འདིར་བསྐྱོད་རོགས https://support.apple.com/zh-cn/guide/mac-help/mh40616/mac )



གཏག་ཐབས་ཁ་སྣོན་བྱེད་སྟངས།



བསུབ་སྟངས།
Finder ཡི་འཆར་ངོས་ཁྲོད་དུ་མྱུར་མཐེབ་འདི་མནོན། shift+command+g དེ་ནས་གཤམ་གསལ་ལྟར་བླུགས།
/Library/Keyboard Layouts
ཡིག་སྣོད་དེའི་ནང་དུ་བསྐྱོད་ནས་ཡིག་ཆ་ Tibetan-Himalaya.bundle དེ་སུབ་པ་ཆབས་ཅིག་ཐོ་འབུད་བྱེད་པ་དང་དེ་ནས་བསྐྱར་ཏུ་ཐོ་འཇུག་བྱས་པས་འཐུས།
མཉམ་འཇོག་བྱེད་དགོས་ས།
ཐོན་རིམ་གཉིས་པ་འདི་སྒྲིག་འཇུག་བྱེད་དགོས་ན་སྔོན་ཆད་ཀྱི་ཁྱེད་རང་གི་གློག་ཀླད་ནང་གི་ཧི་ཡིག་གཏག་ཐབས་དེ་སུབ་དགོས།
ཐོན་རིམ་གཉིས་པ་འདི་ནི་ཀུ་ཤུའི་མ་ལག་གསར་ཤོས་ནང་ལ་མ་གཏོགས་ཚོད་ལྟ་བྱས་མེད་པས། གལ་ཏེ་ཁྱེད་རང་གིས་སྤྱོད་བཞིན་པའི་མ་ལག་ནང་ལ་སྒྲིག་འཇུག་བྱེད་མི་ཐུབ་ཚེ། སྔར་བཞིན་གཤམ་གསལ་གྱི་ཐོན་རིམ་དང་པོ་དེ་བཀོལ་སྤྱོད་གནང་རོགས།
གཏག་ཐབས་འདི་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གནད་དོན་གང་ཞིག་མཆིས་ཚེ་གཤམ་དུ་ཁྱེད་རང་གི་བསམ་ཚུལ་ཤོད་དང་། ང་ཚོས་དུས་ལྟར་གནད་དོན་ཐག་གཅོད་བྱེད་ངེས་ཡིན།
“ཀུ་ཤུའི་གློག་ཀླད་དུ་སྤྱོད་པའི་ཧི་མ་ལ་ཡ་གཏག་ཐབས།” ལ་ལན 13 སློག་འདུག
iPadནང་ཧི་གཟུགས་གཏག་ཐབས་ནང་འཇུག་བྱེད་ཐུབ་བམ། དེ་འདྲ་ཐུབ་ཚེ་སྟབས་ཤིན་ཏུ་བདེ་བར་སྣང་།
iPadཡི་ནང་དུ་ཧི་གཟུགས་གཏག་ཐབས་བྱུང་ན་ངོ་མ་ཡག་པོ་འདུག
ཀུ་ཤུའི་གློག་ཀླད་ནང་དུ་ཡོད་པའི་བོད་ཡིག་ཧི་མ་ལའི་ཡིག་གཟུགས་དེ་ཡིག་གཟུགས་གཞན་དུ་བསྒྱུར་ཐུབ་འམ། ཀུ་ཤུའི་གློག་ཀླད་ནང་གི་ཧི་མ་ལ་ཡིས་ཡིག་གཟུགས་དེ་གཟུགས་ལེགས་པོ་མ་རེད།
བཀྲིས་བདེ་ལེགས། ངས་དེ་རིང་ཧི་ཡིག་གསར་པ་ཕབ་ལེན་བྱས་ཀྱང་ནང་འཇུག་བྱེད་ཐུབ་མ་སོང་། གང་ཡིན་ཟེར་ན། version 10.14.4 ་ཡིན་ཙ་ནང་འཇུག་བྱེད་སྟངས་ཐབས་ལམ་གཞན་དག་ཡོད་དམ། ལམ་སྟོན་ཅིག་གནང་རོགས།
ཀུ་ཤུའི་གློག་ཀླད་ཐོན་རིམ་རྙིང་པའི་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས། https://www.tibetitw.com/download/395.html
iPadནང་ཧི་གཟུགས་གཏག་ཐབས་ནང་འཇུག་ཇི་ལྟར་བྱ་ཐུབ།
ཐོག་མར་བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཀུ་ཤུ་གློག་ཀླད་ནངwodནང་འཇུག་བྱས་ཚེ། ཧི་གཟུགས排版པར་སྒྲིག་བྱེད་པར་ཐབས་ཤེས་འདྲ་ཨེ་ཡོད།
གལ་ཏེ་རང་འགུལ་པར་སྒྲིག་བྱེད་མི་ཐུབ་ཚེ། སྔོན་ལ་ཁྱེད་རང་གི་གློག་ཀླད་ནང་གི་གཞུང་སྒྲུབ་མཉེན་ཆས་དེ་གཙང་སུབ་བྱས་ཏེ། པར་གཞི་འདི་སྒྲིག་འཇུག་བྱོས་དང་འགྲིག་གི་རེད། ཕབ་གནས། https://www.tibetitw.com/download/1511.html
འདི་ཀུ་ཤུ་གློག་ཀླད་ཁོ་ན་ལ་སྤྱོད་པ་རེད་དམ།
བོད་མི་རིགས་གྱི་ཆེད་དུ་ཕྱག་ལས་གནང་མཁན་ཡོང་ལ་བཀའ་དྲིན་ཆེ་ཞུ།
གོ་སོང་། ཡག་པོ་འདུག་ཡ། ངར་བ་རེད། ངས་འདི་འདྲ་ཞིག་ལ་རེ་སྒུག་བྱས་ནས་ཡུན་རིང་འགོར་སོང་།
ཐུགས་རྗེ་ཆེ།
འདི་ལེགས་པོ་འདུག ། འདི་ཐད་ཕྱིས་ཕྱོགས་སུ་གང་མང་འབད་བརྩོན་ཡོད་པ་ཞུ།