ན་རོ་ཚིག་མཛོད་ཅེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་བའི་སྐོར་གྱི་གནས་ཚུལ།

ཆ་འཕྲིན་ལག་རྩལ་ཚ་རླབས་འཕྱུར་བའི་ཉེར་གཅིག་གི་དུས་འདིར་བོད་ཡུལ་ཁ་བའི་ལྗོངས་ལ་རིག་གནས་ཀྱི་མྱུ་གུ་གང་སར་རྒྱས་བཞིན་ཡོད། མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་ཆ་འཕྲིན་ལག་རྩལ་ཕྱོགས་སུ་འབད་བརྩོན་བྱས་པ་དེས་མི་རིགས་དང་རྒྱལ་ཁབ་དེའི་སྲིད་འབྱོར་རིག་གསུམ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་བྱུང་བཞིན་ཡོད། དེ་ལས་ལྡོག་ན་རྗེས་ལུས་སུ་ཐེབས་འགྲོ་བ་ནི་སྨོས་མ་དགོས་པ་ཞིག་རེད།

དེར་བརྟེན་ང་ཚོས་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་བསྙེགས་ཏེ་ཆ་འཕྲིན་སྤྱི་ཚོགས་དང་། ཤེས་ཡོན་དཔལ་འབྱོར་གྱི་ཕྱོགས་སུ་འབད་རྒྱུ་ནི་མི་རེ་རེའི་ཕྲག་སྟེང་ལ་བབས་པའི་འོས་འགན་ལྡོག་ཏུ་མེད་པ་ཞིག་ཡིན། དུས་དེའི་ཙ་ན་རང་མི་རིགས་ཀྱིས་རིག་གནས་ལ་དུངས་ཞེན་ཆེ་བའི་ཆ་འཕྲིན་ལག་རྩལ་པ་བཀྲ་ཤིས་རྣམ་རྒྱལ་ལགས་ནས་རང་ཉིད་ཀྱིས་ལས་ཞོར་ཁོམ་པ་ཡོད་ཚད་བེད་སྤྱད་ནས་ཉེ་ཆར་ཕྱོགས་བསྡུས་རང་བཞིན་གྱི་ན་རོ་ཚིག་མཛོད་ཆེན་མོ་འདི་གསར་དུ་བསྒྲིགས་པ་ཞིག་ཡིན།

ན་རོ་ཚིག་མཛོད།

ཚིག་མཛོད་འདི་ནི་གཙོ་བོ་རྣམ་ཀུན་ཁ་པར་ནང་ཆེས་སྤྱོད་མཁོ་ཆེ་བའི་༼ བོད་རྒྱ་ཚིག་མཛོད།   རྒྱ་བོད་ཡིག་བསྒྱུར།  བོད་དབྱིན་ཚིག་མཛོད།  དུང་དཀར་ཚིག་མཛོད་ཆེན་མོ།  བཀས་བཅད་ཐ་སྙད་ཚིག་མཛོད།  ན་རོ་ལོ་ཐོ  ༽ བཅས་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཉེན་ཆས་ཤིག་ཡིན།  ལྷག་པར་དུ་བོད་སྐད་ཡིག་འཕེལ་རྒྱས་སུ་གཏོང་དགོས་ན་བོད་ཡིག་ཆ་འཕྲིན་ལག་རྩལ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས་མཉེན་ཆས་འདིས་མ་འོངས་པར་བོད་ཀྱི་རིག་གནས་ལ་དུང་ཞེན་ཆེ་བའི་སྐྱེ་བོ་རྣམས་ལ་བོད་ཡིག་མཉེན་ཆས་སྤྱོད་རྒྱུར་སྟབས་བདེ་བསྐྲུན་རྒྱུའི་རེ་བ་བཅངས་བཞིན་ཡོད།

གཤམ་གྱི་རྩ་གཉིས་ཨང་རིས་བཤེར་ནས་ཐད་ཀར་མཉེན་ཆས་འདི་བེད་སྤྱོད་གནང་བ་དང་ཆབས་ཅིག་བརྒྱུད་བསྐུར་གང་མང་ཡོད་པ་མཁྱེན།

ན་རོ་ཚིག་མཛོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།