ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་ལ་དབྱེ་ན་གསུམ་སྟེ Tibetan-Wyie དང Tibetan QWERTY དང Tibetan-Otani བཅས་སོ།།






ཟུར་མཆན།
QWERTY ནི་ཁོ་ཏིས་མཐེབ་གཞོང་སྟེ་ཆ་ཚང་མཐེབ་གཞོང་ཡང་ཟེར། དེ་ནི་ཆེས་རྒྱུགས་ཆེ་བའི་མཐེབ་གཞོང་བཀོད་པ་ཞིག་ཡིན་ལ། གསར་གཏོད་བྱེད་མཁན་ནི Christopher Latham Sholes རེད་འདུག 1868ལོར་ཆེད་ཁེའི་བདག་དབང་ཐོབ་འདུན་ཞུས་པ་དང་། 1873ལོར QWERTY བཀོད་པ་འདུས་པའི་ཚོང་སྤྱོད་ཡིག་གཏག་འཕྲུལ་ཆས་ཐོག་མ་དེ་ཚོང་རར་བཀྲམས་པ་རེད། མཐེབ་གཞོང་འདི་ནི་ཐོག་མར་དབྱིན་ཡིག་ཡིན་པ་དང་། རྗེས་སུ་དབྱིན་ཡིག་མ་ཡིན་པའི་སྐད་ཡིག་གཞན་དག་གིས་ཀྱང་མཐེབ་གཞོང་འདི་སྤྱད་པ་ཞིག་རེད།
ཆོག་མཆན་མ་ཐོབ་པར་གང་འདོད་བརྒྱུད་འགོད་མི་བྱེད་པར་འཚལ།
“ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་བཀོད་པ།” ལ་ལན 20 སློག་འདུག
tibetan-otani མགོ་ཅན་མདོག་ཅན་སོགས་ཇི་ལཏར་གནོན་དགོས།
མིང་གཞིའི་རྗེས་ལ་མཐེབ f དང་ཡང་ན་མཐེབ ; འདི་གཉིས་ལས་གང་རུང་སྤྱད་ན་བརྩེགས་ཐུབ་པ་རེད།
ཐ་ལོག་འཐེབ་གཞུང་གསུམ་ཀ་ལ་མི་འདུག།དེ་ཡོད་ཐབས་ཅི་འདྲ་བྱེད་དགོས་རེད། ་་་་་་
Tibetan-Wyieནང་ཝ་ཟུར་ཅི་ལྟར་གཏག་དགོས་སམ།
ག྄ོགས་པོ་ལགས།Tibetan QWERTY མཐེབ་གཞོང་གི་ཝ་ཟུར་ཡེ་ནས་རག་གི་མི་འདུག་་་ངོ་སྤྲོད་ཅིག་བྱ་རོགས།
བོད་དྲ་སྙིང་ནས་བཀའ་དྲིན་ཆེ་ད་གཞི་ནས་ངས་ཤེས་སོང་བས། ངའི་སེམས་པ་དངོས་སུ་བད་སོང་།
བཀྲ་ཤིས་བདེ་ལེགས།
སྙིང་ནས་བརྩེ་བའི་དྲྭ་གྲོགས་དང་དྲྭ་བདག་རྣམས།
ང་འདི་ན་ཁྱེད་རྣམ་པ་ལ་བློ་ཞིག་དྲི་བར་ཡོང་བ་ཡིན། ངའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཕྲུལ་གྱི་སྔོན་གྱི་མཉེས་ཆས་དེ་ད་ལྟ་Mac OS X Yosemit ཞེས་པ་དེ་བརྗེས་ནས་ད་ལྟ་སྨོན་ལམ་ཚིག་མཛོད་གང་ནས་མི་འདུག རྩིས་འཕྲུལ་ནང་དངོས་སུ་ཕབ་ལེན་བྱས་ནས་ལེགས་གྲུབ་བྱུང་སོང་། ཡིན་ནའང་བེད་སྤྱེད་བྱེད་མི་ཐུབ་པས། ད་ཅི་དགའ་གང་དགའ་བསམ་ནས་ཁྱེད་རྣམ་པ་ལ་འབྲེལ་བ་བྱེད་བཞིན་ཡོད་པས། གལ་ཏེ་འདིའི་སྐོར་ལ་ཆ་རྒྱུས་ཡོད་མཁན་རེ་ཡོད་ན་བདག་ལ་མགྱོགས་མྱུར་ངང་ལན་ཞིག་འདེབས་རྒྱུ་བདག་གིས་སྐོམ་པའི་ཆུ་ལྟར་སྒུག་ཡོད། བཀའ་དྲིན་ཆེ་ཞུ།
ཀུ་ཤུའི་གློག་ཀླད་ནང་དུ་ཚིག་མཛོད་ཅེས་པ་ཞིག་ཡོད་པ་དེའི་ཁ་ཕྱེ་དང་སྨོན་ལམ་ཚིག་མཛོད་དེ་སྔ་སྒྲིག་འཇུག་བྱས་མྱོང་བ་ཞིག་ཡིན་ན་དེ་རུ་ཡོད་ངེས།
བོད་ཡིག་དྲྭ་བ་ཐུགས་རྗེ་ཆེ།
ད་ལྟ་མཉེན་ཆས་གསར་བའི་སྐབས་སུ་ཚིག་མཛོད་ཅེས་པའི་སྒོ་ཕྱེ་ཚེ་རྒྱ་ཡིག་དང་དབྱིན་ཇི་ལས་བོད་ཡིག་མི་འདུག་པས་དཀའ་ལས་བྱེད་བཞིན་ཡོད། ད་དུང་ཐབས་ཤེས་གཞན་རེ་ཡོད་ན་རྣམ་པས་གསུངས་རོགས་ཞུ།
ཁྱེད་ལ་འཕྲད་པ་བཞིན་བདག་ལའང་དཀའ་ངལ་དེ་བྱུང་། གནད་དོན་ནི་mac ཐོན་རིམ་གསར་པ་ཡིན་སྟབས་ཚིག་མཛོད་དང་སྨོན་ལམ་བོད་ཡིག་གཉིས་ཀས་རྗེས་མ་ཟིན་པ་རེད་འདུག
ངས་སྐུ་ཞབས་སྨོན་ལམ་ལགས་སུ་ཡི་གེ་ཐེངས་འགའ་བཏང་ནས་ཐོན་རིམ་10.7ནས་10.10ལ་སྤར་རོགས་ཞེས་ཞུ་ཡོད། ཁོ་ཚོས་གནད་དོན་དེར་གང་མགྱོག་ཐག་གཅོད་བྱེད་ངེས་རེད་སྙམ།
སྲོང་བཙན་ལགས། སྙིང་ནས་བཀའ་དྲིན་ཆེ་ཞུ། དེ་ན་ང་ཚོས་སྨོན་ལམ་ཚང་ལ་རེ་སྒུག་བྱེད་རྒྱུ་ཡིན།
ཀུ་ཤུའི་རྒྱུད་ཁོངས་རིམ་པ་སྤར་རྗེས་སྨོན་ལམ་ཚིག་མཛོད་གང་དུ་ཕྱིན་པ་རེད་དམ། ལན་ཞིག་བཏབ་ཡོད། http://www.tibetitw.com/general/798.html
ཚིག་མཛོད་ཕབ་ལེན་བྱས་ཚར་རྗེས་ཕལ་ཆེ་བོད་ཡིག་སྒྲིག་སྦྱོར་བཟོ་དགོས་པར་ཤས་ཆེ།ཁ་པར་ནང་有道词典ཟེར་བ་དེ་ཕབ་ལེན་བྱེད་སྐབས་སླར་བོད་ཡིག་སྒྲིག་སྦྱོར་བྱ་དགོས་འདུག་པས་དེ་འདྲ་ཟེར་བ་ཡིན།ཚོད་ལྟ་ཞིག་བྱེད་དང་།
དེ་ནི་ལས་སླ་བོ་རེད། དང་ཐོག་ངའི་བསམ་པ་དེ་རང་རེད། རང་གི་གློག་ཀླད་ནང་dictinaryཚིག་མཛོད་ཟེར་བ་ཅིག་ཡོད། དེའི་ནང་བསྡུས་འགྲོ་ལ་དེར་ནས་བེད་སྤྱོད་ཐུབ། བརྙན་ཆས་གཞན་ལྟར་མདུན་ལ་མི་ཡོང་། launchpad འཚོལ་དང་། དེ་ལ་བརྙན་ཆས་མ་ལག་ཚང་མ་ཡོད་ལ་དེར་ཚིག་མཛོད་ཀྱང་ཡོད།
ཀུ་ཤུའི་གློག་ཀླད་ནང་རང་ཆས་སུ་ཡོད་པའི་ཡིག་གཟུགས་དེ་རང་འདོད་བཞིན་བརྗེ་བསྒྱུར་ཡོད་དམ། ཡོད་ན་ལམ་སྟོན་ཞིག་གནང་རོགས།
ཀུ་ཤུའི་གློག་ཀླད་བོད་ཡིག་གི་མཐེབ་གཞོང་ཕབ་ལེན་བྱེད་ན་ཆོག་གམ།
ཀུ་ཤུའི་གློག་ཀླད་ནང་བོད་ཡིག་མཐེབ་གཞོང་ཕབ་ལེན་བྱ་ན་ཆོག་གམ།
གྲོགས་པོ་ལགས། ཀུ་ཤུའི་གློག་ཀླད་ནང་དུ་བོད་ཡིག་མཐེབ་གཞོང་རང་གྲུབ་ཡིན་པས་ཕབ་ལེན་བྱ་དགོས་མ་རེད། ཁ་སྣོན་བྱས་པས་འཐུས།
ཀུ་ཤུའི་གློག་ཀླད་ནང་པཏ་བོད་ཡིག་ཡིག་གཟུགས་སྤྱོད་མི་ཐུབ་བསམ
ཁྱེད་དྲ་ཚུགས་ཀྱི་ལས་མི་ཡོངས་ལ་སྙིང་ནས་ཐུགས་རྗེ་ཞུ་བ་དང་ཆབས་ཅིག ཀུ་ཤུའི་རྩིས་འཕྲུལ་ནང་དུ་ཧི་མ་ལ་ཡའི་འཐེབ་གཞུང་ནང་འཇུག་ཇི་ལྟར་བྱེད་དགོས་པ་ངོ་སྤྲོད་ཅིག་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།