དཀར་ཆག
འཕྲིན་གསར།

ཨན་གྲོ་དྲུག་པ་(Android M)ཡི་ནང་དུ་བོད་ཡིག་དངོས་སུ་བཅུག་ཡོད་པའི་གནས་ཚུལ།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲ་བར་སྤྱི་ཟླ་༡༢ཚེས་༡༠ཉིན་བཀོད་དོན། ཨ་རིའི་གོ་གུལ་མཐུན་གཉེར་ལ་དབང་ཞིང་འཛམ་གླིང་སྟེང་གི་རིག་ལྡན་ཁ་པར་གྱི་མ་ལག་ཆེས་ཆེ་ཤོས་ཏེ། ཨན་གྲོ་མ་ལག་སྟེང་དུ་ད་ནས་བཟུང་བོད་ཡིག་ཡིག་གཟུགས་དང་མཐེབ་གཞོང་(རྫོང་ཁའི་མཐེབ་གཞོང་གི་འགྲོ་སྟངས་ཏེ། གསལ་བྱེད་སུམ་ཅུ་གོ་རིམ་དུ་བསྒྲིགས་པའི་མཐེབ་གཞོང་།)བཅུག་ཡོད་པའི་གནས་ཚུལ་ཐོན་འདུག བོད་ཡིག་བཞག་པའི་པར་གཞི་དེ་ཨན་གྲོ་པར་གཞི་དྲུག་པ་(Android 6.0)ནས་བཟུང་མགོ་བཙུགས་པ་རེད་འདུག

Android Marshmallow is more of a refinement than a revolution.
Android Marshmallow is more of a refinement than a revolution.

བོད་ཡིག་མཐེབ་གཞོང་ཐད་ལ། ཨན་གྲོ་དྲུག་པ་བེད་སྤྱད་པའི་ནེག་ས་སི་(Nexus)ཁ་པར་ཚོའི་སྟེང་དུ་བོད་ཡིག་ཡིག་གཟུགས་དང་མཐེབ་གཞོང་གཉིས་ཀ་ཡོད་པ་ར་འཕྲོད་འདུག འོན་ཀྱང་། ཚང་མས་ཤེས་གསལ་ལྟར། ཨན་གྲོ་ཁ་པར་སྟེང་དུ་བོད་ཡིག་མཐེབ་གཞོང་འཇོག་རྒྱུ་ཡང་ཧ་ཅང་ལས་སླ་བོ་ཡིན།

འདི་ལྟར་ན། ད་ལྟ་འཛམ་གླིང་གི་ཁ་པར་གྱི་མ་ལག་ཆེ་ཁག་གསུམ་ཏེ། ཀུ་ཤུ་ཚང་གི་iOSདང་། ཕྲ་མཉེན་ཚང་གི་Windows Mobile 10, གུ་གུལ་ཚང་གི་ཨན་གྲོ་མ་ལག་གསུམ་དུ་བོད་ཡིག་ཡིག་གཟུགས་དང་མཐེབ་གཞུང་བཅས་ཚུད་ཡོད་ལ། མ་ལག་འདི་གསུམ་གྱིས་འཛམ་གླིང་སྟེང་གི་ཁ་པར་ཁྲོམ་རའི་བརྒྱ་ཆའི་དགུ་བཅུ་གོ་དགུ་དང་ཚེག་གསུམ་ཟིན་ཡོད་འདུག

རྒྱལ་ནང་གི་ཧྭ་ཝེ་(华为)དང་། ཞའོ་མིས(小米)། རྒྱལ་སྤྱིའི་སྟེང་གི་སམ་སུང་(三星)དང་སོ་ནེ་(索尼)སོགས་ཚུད་པའི་རྒྱལ་སྤྱིའི་ཐོག་གི་རིག་ལྡན་ཁ་པར་བརྒྱ་ཆའི་བརྒྱད་ཅུ་ཡན་ཨན་གྲོ་མ་ལག་གིས་བཟུང་ཡོད་པའི་རྐྱེན་གྱིས། ད་ཐེངས་ཨན་གྲོ་ཡི་ནང་དུ་བོད་ཡིག་ཡིག་གཟུགས་དང་མཐེབ་གཞོང་བཅུག་པ་འདི། བོད་ཡིག་འདི་བརྡ་འཕྲིན་ཅན་གྱི་ལམ་དུ་སྐྱོད་པའི་ཟིན་ཐོ་གསར་པ་ཞིག་བསྒལ་བ་རེད་ལ། མི་འགྱངས་པར་ཁྲོམ་ར་ནས་ཁ་པར་ཉོ་ཚེ་བོད་ཡིག་ཡོད་མེད་ལ་སེམས་ཁུར་བྱེད་མི་དགོས་པའི་དུས་སྐབས་ཤིག་ཡོང་གི་ཡོད།

“ཨན་གྲོ་དྲུག་པ་(Android M)ཡི་ནང་དུ་བོད་ཡིག་དངོས་སུ་བཅུག་ཡོད་པའི་གནས་ཚུལ།” ལ་ལན་གཅིག་སློག་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།