དཀར་ཆག
འཕྲིན་གསར།

ཉིན་བཅོ་ལྔ་ལྷག་ལ་འདེང་ཐུབ་པའི་ཁ་པར།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། ཉེ་དུས་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་ཁ་པར་བཟོ་གྲྭ་ཨོ་ཀི་ཊེལ་ (Okitel) ཟེར་བ་ཞིག་གིས་ཉིན་བཅོ་ལྔ་ལྷག་འདེང་ཐུབ་པའི་ལག་ཐོག་ཁ་པར་གསར་པ་ཞིག་བཟོས་པ་དང་། འགྲེམས་ཚོང་ཆེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག །ཨོ་ཀི་ཊེལ་ལག་ཐོག་ཁ་པར་དེ་ལ་གློག་མེ་10,000 mAh ཡོད་པ་མ་ཟད་ཁ་པར་དེ་ནས་གློག་ཆས་གཞན་ལ་ཡང་གློག་མེ་སྤྲོད་ཐུབ་ཀྱི་ཡོད་འདུག(དེ་འདྲའི་ནུས་པ་ལ་དབྱིན་ཡིག་ཐོག “reverse charging” ཟེར་ )

okitel
ཉིན་བཅོ་ལྔ་ལྷག་ལ་འདེང་ཐུབ་པའི་ཁ་པར།

གློག་འཕྲུལ་ཁག་གི་ནི་གློག་མེ་གསོག་འཇོག་ཇི་ཙམ་ཐུབ་མིན་གྱི་ཚད་འཇལ་ཚད་གཞི་ནི་mAh ཡང་ན་ མཱི་ལི་-ཨེམ་ཧྥི་-ཨའོར་ (milliampere-hour= mAh) ཡིན། སྤྱིར་བཏང་གི་ཁ་པར་ཚང་མར་གློག་མེ་གྲངས་ཚད་ནི་ mAh2000 དང་ 3000 ཡས་མས་ལས་བཟོ་ཐུབ་ཀྱི་མེད་ལ་སྤྱིར་བཏང་གི་བེད་སྤྱོད་སྐབས་ཉིན་གཉིས་གསུམ་ལྷག་མ་གཏོགས་འདེང་གི་མེད། དེར་བརྟེན་ཕྱི་ལོག་གི་གློག་མེའམ་གློག་མཛོད་ (ExternalBattery ཡང་ན་ Power Bank) དེ་འདྲ་ཉོ་རྒྱུ་ཡོད། ད་རེས་ཨོ་ཀི་ཊེལ་བཟོ་ཚོང་ཁང་གིས་ཁ་པར་འདི་འདྲ་ཞིག་བཟོ་སྐྲུན་བྱས་པ་ནི། གློག་མཛོད་ཆེན་པོ་ཞིག་ཁ་པར་ནང་བཅུག་ཡོད་པ་དང་གཉིས་སུ་མ་མཆིས།

ཁ་པར་དེའི་ནང་ཁྲོལ་གྱི་ཚད་གཞི་ནི། quad-coreprocessor དང་ཨན་ཌོ་ Lillipop བཅུག་ཡོད། འཆར་ངོས་ལ་ཨིན་ཆི་ 5.5 དང་འདྲ་རིས་སྤུས་ཚད་ 720p ། དེ་བཞིན་ཁ་པར་རང་ལ་ཡིག་གསོག་ས་ཆ་16GB ཡོད་པའི་སྟེང་ཕྱི་ཕྱོགས་ནས་ microSDཁ་སྣོན་བྱས་ནས་གསོག་ཚད་ 32GB བར་སྤར་ཐུབ་ཀྱི་འདུག །དྲ་རྒྱའི་མཐུན་རྐྱེན་ལ་ 3G ལས་ 4G མེད།

ལག་ཐོག་ཁ་པར་དེ་ལ་སྤྱིར་བཏང་གི་མཐུན་རྐྱེན་ཆ་ཚང་འཛོམས་པའི་སྟེང་གློག་མེ་ཐེངས་གཅིག་བརྒྱངས་ནས་ཉིན་བཅུ་ལྔ་ལྷག་འདེང་ཐུབ་པ་འདི་འདྲ་ནི་ཐེངས་དང་པོ་ཆགས་ཡོད། ཁྲོམ་རའི་ཐོག་ཁ་པར་འདི་རྒྱུགས་ཤུགས་ཆེན་པོ་ཆགས་དགོས་དོན་ཡང་ཁྱད་ཆོས་གཙོ་བོ་འདི་ལ་བརྟེན་པ་ཀུན་གྱིས་ཤེས་གསལ་ལགས། ཚོད་ལྟ་བྱས་པ་ལྟར་ན། ད་བར་ཁ་པར་ཙམ་དུ་མ་ཟད་ tablet དང་ལག་ཁྱེར་གློག་ཀླད་ཆུང་གྲས་notebook དེ་དག་གི་ཆེད་དུ་བཟོས་པའི་གློག་མེ་ལས་ཀྱང་འདེང་ཚད་ཆེ་བ་ཡོད་པ་ཡང་གསལ་ཡོད།

ད་ལྟའི་ཆར་ཁ་པར་འདི་རྒྱ་ནག་དང་ཨ་རིའི་རྒྱལ་ཁབ་ནང་མ་གཏོགས་ཚོང་འགྲེམས་བྱས་ཀྱི་མེད། ཁ་པར་འདིའི་རིན་གོང་ནི་ཨ་སྒོར་ $239 དང་དབྱིན་སྒོར་ £157ཡིན་འདུག རྒྱ་གར་སྒོར་ལ་ཕབ་ན་ Rs. 16,106ཙམ་ལ་ཟིན།

ངའི་བསམ་པར་ iPhone དང་ Samsung,HTC, Oppo, Nexus,Nokia, Motorola སོགས་འདི་དང་དེ་མིན་གྱི་ལག་འཕྲུལ་བཟོ་མཁན་ཚང་མས་ལག་འཕྲུལ་གྱི་ཕྱིའི་རྣམ་པ་དང་། དཔར་ཆས། མ་ལག་གི་ཚད་གཞི་ཁག་ལ་དོ་སྣང་བྱས་པའི་ཞོར་དུ་ཁ་པར་གྱི་གློག་མེའི་གནད་དོན་ཐད་ལ་བསམ་བློ་དང་གསར་གཏོད་བྱེད་རྒྱུ་ཡང་གལ་ཆེར་འཛིན་དགོས་པ་མཐོང་། (བསོད་ནམས་ཟླ་བ་ནས།)

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།