དཀར་ཆག
འཕྲིན་གསར།

Adobe Photoshopནང་དུ་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཐོབ་པ་བྱུང་བ།

Adobe Photoshop ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་པར་རིས་སྒྲིག་བཟོ་མཉེན་ཆས་ཞིག་ཡིན་ལ། དུས་རྒྱུན་ང་ཚོས་མཉེན་ཆས་དེའི་མིང་ལ་Photoshop(ཧྥོ་ཐོ་ཞོ་ཕུ)ཡང་ནPSརུ་འབོད་བཞིན་པ་དེ་རེད། དེ་ཡང་Adobe Photoshop CS6ལས་སྔ་བའི་པར་གཞི་རྙིང་བའི་ནང་དུ་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་མ་གཏོགས་ཡག་པོར་འཆར་ཐུབ་ཀྱིན་མེད་པ་དང་། Adobe Photoshop CS6ཡང་ན་དེ་ལས་མཐོ་བའི་པར་གཞིའི་ནང་དུ་ཧི་མ་ལ་ཡ་སོགས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཡོད་དོ་ཅོག་ཡག་པོར་འཆར་ཐུབ་པ་རེད། འོན་ཀྱང་མཉེན་ཆས་འདི་སྒྲིག་འཇུག་བྱས་མ་ཐག་ཏུ་སྒྲིག་བཀོད་ཅུང་ཙམ་ཞིག་བྱེད་དགོས་པ་གཤམ་གསལ་ལྟར།

སྐར་ཁུང(Windows)མ་ལག་ཁྲོད་དུ་རྩོམ་སྒྲིག་ཅེས་པ་དེ་མནན་པ།
ཐོག་མའི་གདམ་ཚན་ཅེས་པའི་ནང་ནས་ཡི་གེ་ཅེས་པ་དེ་མནན།
དཀྱིལ་ཤར་ཅེས་པ་དེ་འདེམས་ཚར་རྗེས་Adobe Photoshop CS6མཉེན་ཆས་ཁ་ཟུམ་ནས་ཡང་བསྐྱར་ཁ་ཕྱེ་དགོས།

གོང་གི་དཔེ་རིས་འདིའི་ཁྲོད་ཀྱི་གདམ་ཚན་ནི་ཐོན་རིམ་མི་འདྲ་བ་སོ་སོའི་ཁྲོད་དུ་འཆར་སྟངས་ཡང་མི་འདྲ་བ་ཐོན་གྱི་ཡོད་པ་ནི་དཔེར་ན།

Adobe CCཐོན་རིམ་ཁྲོད་དུ་འཆར་སྟངས།
Adobe 2020ཐོན་རིམ་ཁྲོད་དུ་འཆར་སྟངས།
Adobe Photoshop CS6མཉེན་ཆས་ནང་དུ་ཧི་མ་ལ་ཡ་འཆར་བའི་དཔེ་རིས།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། གླིང་སྨྱོན།]

“Adobe Photoshopནང་དུ་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཐོབ་པ་བྱུང་བ།” ལ་ལན 3 སློག་འདུག

རྒྱ་ཆེའི་དྲ་གྲོགས་རྣམ་པས་ཀུ་ཤུ་རྩིས་འཕྲུལ་ནང་ནས་གོང་གི་པར་བཟོའི་སྙི་ཆས་(ps) ནང་དུ་ཡི་གེ་ཡག་པོར་མི་འཆར་བའི་གནད་དོན་ཇི་ལྟར་སེལ་དགོས་ཤེས་མཁན་ཡོད་ན་གསུང་རོགས། ཐུགས་རྗེ་ཆེ།

སྐུ་ཞབས་ན་བུན་སྨུག་པོ་ལགས། སྐུ་ཉིད་ཀྱི་དཀའ་ངལ་དེ་གུས་པའང་འཕྲད་སོང་། དཀའ་ངལ་དེ་སེལ་ཐབས་འདི་འདི་ལྟ་སྟེ་ཀུ་ཤུ་གློག་ཀླད་ལས་Adobe Photoshop CS6 སྒོ་ཕྱེས་རྗེས་སྒང་གི་རེའུ་མིག་ཨ་མའི་གྲས་ཀྱི་Photoshop ཀྱི་ཐོག་མནོན། དེ་ནས་ Preferences དང་། དེ་ནས་ General ནས་Type ནང་ལ་སོང་ Type option ནང་ནས་show font Names in Engelish སྟེང་གི་འགྲིག་རྟགས་དེ་བསུབ། དེའི་འོག་གི་ Choose Text engine option ནང་ནས་Middle Asian ཞེས་པ་གདམས་དགོས་པ་དང་། དེ་ནས་Adobe Photoshop CS6སྒོ་རྒྱབ་ནས་བསྐྱར་དུ་སྒོ་ཕྱེས་པ་ཡིན་ན་དཀའ་ངལ་ལས་ཡོངས་སུ་གྲོལ་གྱི་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།