ཀ་ཁ་སྨྱུག་འདོན་བསླབ་དེབ་ཞེས་པ་དངོས་སུ་འགྲེམས་བསྒྲགས་བྱས་པ།

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །

བྱིས་པ་ནི་མིའི་རིགས་ཀྱི་མ་འོངས་བའི་བདག་པོ་ཡིན་ལ། བྱིས་པའི་སློབ་གསོ་ནི་འཛམ་གླིང་གི་ཆེས་གཞི་རྩའི་སློབ་གསོ་ཞིག་ལ་བརྩི་བཞིན་ཡོད། སློབ་གསོ་དེའང་ཐོག་མར་སྐད་དང་ཡི་གེའི་ངོས་འཛིན་ནས་འགོ་རྩོམ་པ་ཞིག་ཡིན་པས། གནམ་ལོ་གསར་བའི་དུས་སྐབས་འདི་དང་བསྟུན་ནས་ངེད་ཀ་ཁ་ཚན་རྩལ་ཀུང་སིས་ལོ་གཅིག་གི་རང་ལ་བསྡུ་སྒྲིག་དང་གསར་བཟོ་བྱེད་པའི་འབྲས་བུ་སྟེ། ཀ་ཁ་སྨྱུག་འདོན་བསླབ་དེབ་བྱ་བ་འདི་ཁ་བ་གངས་རིའི་ལྗོངས་ཀྱི་ན་ཆུང་གཅེས་གྲོགས་རྣམས་ལ་གནམ་ལོ་གསར་བའི་སྐྱེས་སུ་ཕུལ་བ་ཡིན།

ཀ་ཁ་སྨྱུག་འདོན་བསླབ་དེབ་ཀྱི་ཁྱད་ཆོས་གཙོ་བོ་ནི།
༡ལྗོངས་ཞིང་ལྔའི་མཉམ་དུ་བསྒྲིགས་པའི་སློབ་དེབ་སོ་སོར་སྨྱུག་འདོན་བྱེད་ཐུབ།
༢བོད་རྒྱ་དབྱིན་གསུམ་གྱི་སློབ་དེབ་བརྒྱ་ཕྲག་དུ་མ་ལ་རྒྱབ་སྐྱོར་ཐུབ་པ།
༣སློབ་ཚན་འགྲེལ་བཤད་དང་མིང་ཚིག་ཚེག་ཟློས།བོད་རྒྱ་ལོ་ཙཱ་སོགས་ཅི་རིགས་བྱེད་ཐུབ།
༣མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཚད་ལྡན་དུ་ཐོན་ཐུབ།
༤བོད་ཡིག་དབྱངས་གསལ་གྱི་འབྲི་ཚུལ་དང་སྐྱེ་གནས་སོགས་འགུལ་རིས་ཀྱི་ལམ་ནས་སྟོན་ཐུབ།
༥ཚིག་མཛོད་དང་བྱིས་སྒྲུང་།རྒྱུན་སྤྱོད་ཁ་བརྡ་སོགས་གཞི་གཅིག་ཏུ་འཛོམས་ཡོད།
༦ཚོན་ཁྲ་ཅན་གྱི་འཆར་ཤེལ་དང་དྭངས་གསལ་གྱི་སྒྲ་དུང་གཉིས་ལྡན་པ།
༧སྒྲ་ཕབ་པ་དང་། TXTགློག་རྡུལ་དཔེ་ཆ། mp3དངmp4སོགས་ལ་རྒྱབ་སྐྱོར་ཐུབ་པ།

རྒྱབ་སྐྱོར་ཐོབ་ཐུབ་པའི་སློབ་དེབ་ཁག་ཅིག་གི་དཀར་ཆག
༼ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི།༽
《སྐད་ཡིག》 (སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
《སྐད་ཡིག》 (སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར།) བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
《汉语》(小学一年级至六年级) 人民教育出版社 出版
༼གཞན་དག༽
《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
《语文》(小学一年级至六年级) 人民教育出版社 出版
《英语PEP》(小学一年级至六年级) 人民教育出版社 出版

ས་གནས། ཀན་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཡོན་ཆུ་ལམ།
ཁ་པར། 400-050-6681
དྲ་ཚིགས། http://www.gakakeji.com ༼ ཀན་ལྷོ་ཁུལ་ཀ་ཁ་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་སི།༽

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། ཀ་ཁ་ཨང་ཀི] [སྤེལ་དུས། 2013-01-02]

“ཀ་ཁ་སྨྱུག་འདོན་བསླབ་དེབ་ཞེས་པ་དངོས་སུ་འགྲེམས་བསྒྲགས་བྱས་པ།” ལ་དཔྱད་མཆན་གཅིག་ཡོད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།