བོད་ཡིག་བརྡ་འཕྲིན་ལག་རྩལ་སྐོར་གྱི་གླེང་སྟེགས་ཤིག་གཉེར་བའི་གནས་ཚུལ་ཐོན་པ།

རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པའི་སྙན་ལམ་དུ།

ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་རྒྱ་ཆེའི་དྲ་གྲོགས་ཡོངས་ཀྱི་རེ་འདུན་ལྟར་གླེང་སྟེགས་ཤིག་གཉེར་མགོ་བརྩམས་པ་ཡིན། གླེང་སྟེགས་འདི་ནི་བོད་ཡིག་བརྡ་འཕྲིན་ལག་རྩལ་རྐྱང་རྐྱང་སྐོར་ཀྱི་ཆེད་ལས་གླེང་སྟེགས་ཤིག་ཡིན་སྟབས་ཁ་ཕྱོགས་ས་གཙོ་བོ་རྒྱལ་ནང་དུ་གཏད་ཡོད་ལ། ཞོར་དུ་རང་རེའི་བོད་རིགས་སྤུན་ཟླ་རྣམ་པ་ཡང་འདིའི་ཕྱོགས་ལ་སྤྲོ་བ་ཡོད་ཚེ་གང་འདོད་དུ་ཞུགས་ཆོག གླེང་སྟེགས་ཧྲིལ་བོ་རྒྱ་ཡིག་གཙོ་བོར་བྱེད་དོན་ནི། ནང་དོན་ཕལ་ཆེ་བ་རྩིས་འཁོར་ལག་རྩལ་སྐོར་ཡིན་པས་འདིའི་ཕྱོགས་ཀྱི་རྒྱུ་ཆ་མང་ཆེ་བ་རྒྱ་ཡིག་ཡིན་པ་དང་། བལྟས་བཅས་ཀྱིས་བཤད་ན་འདིའི་ཕྱོགས་ཀྱི་བོད་ཡིག་གི་མིང་བརྡ་ཆ་ཚང་བ་ཞིག་ད་དུང་གྲུབ་མེད་རྐྱེན་རྙོག་དྲ་མི་ཡོང་བའི་ཆེད་དང་། ཞིབ་འཇུག་པ་མང་ཆེ་བས་བོད་ཡིག་དེ་ཙམ་མ་མཁྱེན་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་དམིགས་པ་རེད།

ཡིན་ཡང་སྤུན་ཟླ་ཚོ་སེམས་ཕམ་དོན་མི་འདུག་ཏེ། མིག་སྔར་གླེང་སྟེགས་ཡོངས་སུ་བོད་ཡིག་ཅི་འདོད་ལྟར་སྤྱོད་ཐུབ་པ་དང་། རྒྱ་བོད་དབྱིན་གསུམ་ཡིག་གཟུགས་གང་ཞིག་ཡིན་རུང་རང་མོས་ལྟར་འདེམས་ཆོག་པ་མ་ཟད། ཡིག་རིགས་གསུམ་ག་ཕན་ཚུན་དབར་རྙོག་དྲ་ཤོར་མི་སྲིད།

ད་ཐེངས་ནི་ཚོད་ལྟ་ཐེངས་ཤིག་ཡིན་ལ། གལ་སྲིད་གླེང་སྟེགས་འདིས་བོད་ཡིག་བརྡ་འཕྲིན་ལག་རྩལ་ཐད་ལ་ནུས་པ་ཅུང་ཟད་ཐོན་པ་ཡིན་ན་ང་ཚོས་རྗེས་མར་བོད་ཡིག་རྐྱང་བའི་ཐོག་ནས་གཉེར་རྒྱུའི་འཆར་གཞི་ཞིག་འཐེན་གྱིན་ཡོད།

གླེང་སྟེགས་ཀྱི་བཀོལ་སྤྱོད་བྱེད་སྟངས་ཐད་ནས་མང་ཆེ་བར་ཉམས་མྱོང་ཡོད་ངེས། གལ་སྲིད་ཁྱེད་ལ་ཁེའུ་ཁེའུ་ཨང་གྲངས་ཡོད་ཚེ་ཐད་ཀར་ནང་འཇུག་བྱེད་ཐུབ་ལ། དེ་མིན་ཐོ་འགོད་བྱས་ཚར་རྗེས་གང་ལ་མོས་ན་དེ་རུ་གཏམ་བརྗོད་སྤེལ་ཆོག་ལ་གཞན་གྱི་དྲི་བར་ལན་འདེབས་པ་སོགས་ཅུང་རང་དབང་གི་རྣམ་པས་རང་གི་ཁེ་དབང་ལོངས་སུ་སྤྱོད་ཆོག་པ་ཞིག་རེད།

གླེང་སྟེགས་ཀྱི་བཅར་འདྲིའི་དྲ་གནས། http://cn.tibetitw.com (ལག་ཁྱེར་ཁ་པར་གྱི་ལམ་ནས་ཡང་བཅར་འདྲི་བྱེད་ཆོག)

བཀྲ་ཤིས་བདེ་ལེགས།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་ནས་གུས་ཕུལ།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། བོད་ཡིགIT] [སྤེལ་དུས། 2013-05-15]

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།