བོད་ཀྱི་ལཉྫ་དང་ཝརྟུའི་གློག་རྡུལ་ཡིག་གཟུགས་ལེགས་འགྲུབ་བྱུང་བའི་གནས་ཚུལ།

ཡིག་མཛོད་བེད་སྤྱོད་ཀྱི་དཔེ་མཚོན།

ཀན་ལྷོ་ནས་འབྱོར་བའི་འཕྲིན་ལྟར། ཟླ4ཚེས26ཉིན། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་བོད་ཀྱི་ལཉྫ་དང་ཝརྟུའི་གློག་རྡུལ་ཡིག་གཟུགས་འགྲེམ་སྤེལ་བྱས་འདུག

ཐེངས་འདིར་འགྲེམ་སྤེལ་བྱས་པའི་ལན་ཝར་གློག་རྡུལ་ཡིག་མཛོད་ནི་བོད་ཀྱི་ཡིག་གཟུགས་ཉིན་མོའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན་པ་མ་ཟད། བོད་ཡུལ་དུ་ད་སྔ་ལན་ཝར་གློག་རྡུལ་ཡིག་མཛོད་མེད་པའི་སྟོང་ཆ་ཁ་བསྐོངས་བྱས་ཤིང་། དུས་རབས་ཉེར་གཅིག་པའི་ལན་ཝར་ཨང་སྒྲིག་ཅན་གྱི་ལས་གཞི་དང་བོད་ཡིག་ཆ་འཕྲིན་ཅན་ལ་སྒོ་མོ་གསར་བ་ཞིག་ཕྱེས་ཟིན་པ་རེད།

ཚ་ལུ་མ་ཚན་རྩལ་དྲ་བའི་གསར་འགོད་པ་དགེ་ལེགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཡིག་གཟུགས་འདི་ནི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག (Unicode) སྤྱད་ནས་བཟོས་ཡོད་པ་དང་། རྟ་མགྲིན་མགོན་པོ་ལགས་ཀྱིས་གློག་ཀླད་ནང་བེད་སྤྱོད་ཆོག་པའི་ལན་ཝར་ཡིག་གཟུགས་གསར་བཟོ་གནང་ནས་ཁོང་གིས་གཉེར་བའི་བོད་ཀྱི་ཡིག་གཟུགས་དྲ་བའི་ཐོག་མཉམ་སྤྱོད་བྱས་འདུག (ཡིག་གཟུགས་འབྲི་མཁན་ནི་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་དང་དཔལ་འབྱོར་མཐུན་རྐྱེན་བསྐྲུན་མཁན་ནི་སངས་རྒྱས་ཚེ་རིང་།)

འདི་ནི་ཐད་ཀར་བོད་ཡིག་ཨང་སྒྲིག་རྨང་གཞི་བྱས་ཤིང་ OpenType ལག་རྩལ་སྤྱད་ནས་བཟོས་པ་ཡིན་པས་སུམ་རྐང་གི་བོད་ཡིག་སྔགས་ཡིག་ཐོག་སྤྱད་ན་ཐད་ཀར་ལན་ཝར་ལ་འགྱུར་ཐུབ་པ་དང་། པ་ཊའི་རི་མོ་དག་ཀྱང་ཡིག་མཛོད་ནང་བཅུག་འདུག

མིག་སྔར་བོད་ཀྱི་ཡིག་གཟུགས་དྲ་བ་རུ་འཇམ་དབྱངས་ལཉྫའི་ཡིག་མཛོད་རིགས་དང་པོ་དང་གཉིས་པ། འཇམ་དབྱངས་ཝརྟུའི་ཡིག་མཛོད་རིགས་དང་པོ་དང་གཉིས་པ་བཅས་ཕབ་ལེན་བྱེད་རྒྱུ་ཡོད།‍

འཇམ་དབྱངས་ལཉྫ་དང་ཝ་རྟུའི་ཡིག་མཛོད་ཕབ་ལེན།

“བོད་ཀྱི་ལཉྫ་དང་ཝརྟུའི་གློག་རྡུལ་ཡིག་གཟུགས་ལེགས་འགྲུབ་བྱུང་བའི་གནས་ཚུལ།” ལ་དཔྱད་མཆན 2 ཡོད།

  1. ཤིན་ཏུ་ལེགས་ཁྱེད་ཀྱི་འབད་བརྩོན་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད་ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. ཡིག་གཟུགས་དཔེ་ལེགས་ཤིག་བཟོས་འདུག་ །དཀའ་དྲིན་ཆེ་རྗེས་སུ་ཡི་རངས་ཡོད། འདི་ན་ཡུ་ཊུབ་དྲ་གནས་སུ་ལནྫ་དང་ཝརྟུའི་ཡིག་གཟུགས་སྒྲིག་འཇུག་བྱེད་སྟངས། དཔེ་མཚོན། པཊའི་རི་མོ་སྤྱོད་ཐབས་དང་། དེ་བཞིན་གནད་དོན་རེ་གཉིས་སྐོར་གྱི་བརྙན་ཞིག་དྲ་གནས་འདིར་སྤེལ་ཡོད། གཟིགས་པར་འཚལ།
    https://www.youtube.com/watch?v=cUTUR-OKJF4

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།