ཀུ་ཤུའི་ཁ་པར iPhone གསར་པ་སྣ་གསུམ་ཡོངས་བསྒྲགས་བྱས་པ།

ཀུ་ཤུའི་ཁ་པར iPhone གསར་པ་སྣ་གསུམ་ཡོངས་བསྒྲགས་བྱས་པ། (ཀུ་ཤུའི་གཞུང་ཕྱོགས་དྲ་ཚིགས་ལས་དྲངས)

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་སྤྱི་ཟླ 9 པའི་ཚེས 13 ཉིན་གྱི་ནམ་གུང་ཆུ་ཚོད 1 སྟེང་དུ། ཀུ་ཤུ་སྤྱི་གཉེར་ཁང་གིས་ཨ་རི་ནས་ཀུ་ཤུའི་ཁ་པར iPhone གསར་པ་སྣ་གསུམ་དང་རབས་བཞི་བའི Apple Watch ཡོངས་བསྒྲགས་བྱས་པ་དང་། ཀུ་ཤུའི་ཁ་པར iPhone གསར་པ་སྣ་གསུམ་གྱི་རྒྱལ་ནང་གི་ཚོང་རའི་རིན་གོང་ནི་དམའ་ཤོས་དེ་དམངས་སྒོར 6499 ནས་མགོ་བརྩམས་ཏེ་མཐོ་ཤོས་ནི་དམངས་སྒོར 12799 ཡིན་པ་རེད།

ཀུ་ཤུའི་ཁ་པར iPhone གསར་པ་སྣ་གསུམ་ནི་སོ་སོར iPhone XS、iPhone XS Max、iPhone XR བཅས་ཡིན་ལ། དེའི་ཁྲོད་ཆེད་དུ་ཀྲུང་གོའི་ཚོང་རར་དམིགས་ནས  iPhone XS དང་ iPhone XS Max གཉིས་ལ་དམིགས་བསལ་གྱི་བྱང་བུ་འཇོག་ས་བཟོས་ཏེ་དུས་མཉམ་དུ་ SIM བྱང་བུ་གཉིས་ལ་རམ་འདེགས་ཐུབ་པ་བྱས་ནས། བྱང་བུ་གཉིས་མཉམ་སྤྱོད་ཀྱི་བྱེད་ནུས་ལྡན་པར་བྱས་ཡོད་པ་རེད།

ཁ་པར་གསར་པ iPhone XS རབས་ཀྱི་སྐུད་མེད WiFi དང་གཞི་གྲངས་བརྒྱུད་གཏོང་གི་ནུས་པ་དེ་སྔར་བས་ཀྱང་ཇེ་བརྟན་དུ་བཏང་ཡོད་ལ། དེར་བཅུག་པའི A12 སྒྲིག་གཅོད་ཆས་ཀྱི་སྙོམ་སྒྲིག་ཆས་ལ LTE ཡི་དུས་ཡུན་རིང་པོའི་འཕེལ་རིམ་གྱི་ལག་རྩལ་བཀོལ་ནས། ལག་རྩལ་གསར་པ་དང་སྙོམ་སྒྲིག་བྱེད་ཐབས་གསར་པ་ལ་བརྟེན་ཏེ་སྐུད་མེད་དྲ་རྒྱའི་གཞི་གྲངས་བརྒྱུད་གཏོང་གི་ནུས་པ་དང་གཞི་གྲངས་བརྒྱུད་གཏོང་གི་མྱུར་ཚད་མཐོར་འདེགས་བྱས་ཡོད་པ་རེད།

མིག་སྔར་ཀུ་ཤུའི་ཀྲུང་གོའི་གཞུང་ཕྱོགས་ཀྱི་དྲ་བར་ཁ་པར་གསར་པ་གསུམ་གྱི་རིན་གོང་དང་བཅས་པ་བཀལ་འདུག་ལ། iPhone XS ཡི་རྒྱལ་ནང་གི་ཚོང་རའི་རིན་གོང་ནི་དམངས་སྒོར 8699 ནས་མགོ་བརྩམས་པ་དང་། དེའི་ཁྲོད། 64GB ལ་དམངས་སྒོར 8699 དང་། 256GB ལ་དམངས་སྒོར 10099 ཡིན་པ། 512GB ལ་དམངས་སྒོར 11899 བཅས་ཡིན་པ་དང་། iPhone XS Max ཡི་རྒྱལ་ནང་གི་ཚོང་རའི་རིན་གོང་ནི་དམངས་སྒོར 9599 ནས་མགོ་བརྩམས་པ་དང་། དེའི་ཁྲོད། 64GB ལ་དམངས་སྒོར 9599 དང་། 256GB ལ་དམངས་སྒོར 10099 ཡིན་པ། 512GB ལ་དམངས་སྒོར 12799 བཅས་ཡིན་པ་དང་། iPhone XR ཡི་རྒྱལ་ནང་གི་ཚོང་རའི་རིན་གོང་ནི་དམངས་སྒོར 6499 ནས་མགོ་བརྩམས་པ་དང་། དེའི་ཁྲོད། 64GB ལ་དམངས་སྒོར 6499 དང་། 128GB ལ་དམངས་སྒོར 6999 ཡིན་པ། 256GB ལ་དམངས་སྒོར 7899 བཅས་ཡིན་པ་དང་། པེ་ཅིང་གི་དུས་ཚོད་སྤྱི་ཟླ 10 པའི་ཚེས 19 ཉིན་གྱི་ཕྱི་དྲོའི་ཆུ་ཚོད 3:01 སྟེང་དུ་སྔོན་མངགས་ཉོ་ཚོང་བྱེད་མགོ་རྩོམ་རྒྱུ་དང་། སྤྱི་ཟླ 10 པའི་ཚེས 26 ཉིན་དངོས་སུ་ཉོ་ཚོང་བྱེད་མགོ་རྩོམ་རྒྱུ་ཡིན་པ་རེད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།