ནོ་ཁེ་ཡ་མཐུན་གཉེར་(Nokia)གྱིས་ཁོང་ཚོའི་ཆེས་ཐོག་མའི་པང་ལེབ་རྩིས་འཕྲུལ་ཁྱབ་བསྒྲགས་བྱས།

༢༠༡༣ལོའི་སྤྱི་ཟླ་༡༠ཚེས་༢༢ཉིན། ཧྥིན་ལཎ་རྒྱལ་ཁབ་གྱི་ནོ་ཁེ་ཡ་མཐུན་གཉེར་གྱིས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་བྷུ་ཌ་བྷེ་གྲོང་ཁྱེར་དུ། མཐུན་གཉེར་འདིའི་ཆེས་ཐོག་མའི་པང་ལེབ་རྩིས་འཕྲུལ་དེ་ཁྱབ་བསྒྲགས་བྱས། པང་ལེབ་འདིའི་མིང་ལ་ལུ་མི་ཡ་༢༥༢༠(Lumia 2520)ཟེར།

རྩིས་འཕྲུལ་འདིའི་ཆེ་ཆུང་དེ་ཀུ་ཤུ་ཚང་གི་iPadཚད་ལྡན་གྱི་ཆེ་ཆུང་དང་གཅིག་པ་ཡིན་ལ། ཁ་གཏད་གཅོག་ས་གཙོ་བོ་ཡང་དེ་ཡིན།

Lumia 2520 Tablet
Lumia 2520 Tablet

པང་ལེབ་འདིའི་ཕྱིའི་རྣམ་པ་དེ། ནོ་ཁེ་ཡ་ཚང་གི་ཆེས་བྲིན་ཤོས་ཀྱི་ཁ་པར་ལུ་མི་ཡ་ཐོན་རིམ་གྱི་བཟོ་བཀོད་དང་གཅིག་མཚུངས་བཟོས་ཡོད་ལ། ཐོག་མར་བལྟས་ཚོད་ཀྱིས་འདི་ནི་ལུ་མི་ཡ་༧༢༠ཅན་ཞིག་ཇེ་ཆེར་བཏང་བ་ཞིག་དང་གཅིག་མཚུངས་རེད།

པང་ལེབ་འདིའི་ནང་གི་མཉེན་ཆས་ནི། ཕྲ་མཉེན་མཐུན་གཉེར་(Microsoft)གྱི་Windows RT 8.1ཡིན་ཞིང་། འདི་ནི་བོད་པ་ཚོས་དོ་སྣང་བྱེད་དགོས་ས་དེ་ཡིན། ཕྲ་མཉེན་གྱི་མ་ལག་ཏུ་བོད་ཡིག་ཤར་བའི་ནུས་པ་ཡོད་པ་མ་ཟད། རེག་ཤེས་ནུས་ལྡན་གྱི་འཆར་ངོས་མཐེབ་གཞུང་ཡང་ཡོད་པས། ཉོས་ཚར་རྗེས་ཐད་ཀར་བོད་ཡིག་དྲ་བར་འཇུག་ཆོག་ལ། དེ་བཞིན་དེའི་སྟེང་དུ། ཕྲ་མཉེན་མཐུན་གཉེར་གྱི་གཞུང་ལས་མཉེན་ཆས་(Microsoft Office)བླུག་ཡོད་པས། ཐད་ཀར་ཡིག་ཆ་དང་རྩིས་ཁྲ་གསར་བཟོ་བྱེད་འགོ་རྩོམ་ཆོག

[རྩོམ་གྱི་ཡོང་ཁུངས། བོད་ཡིགITདྲ་བ།] [རྩོམ་པ་པོ། ཐེ་བྲག་བསྟན་པ།] [སྤེལ་དུས། 2013-10-23]

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།