བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་པར་ངོས་གསར་པ་ཀུན་གྱི་གཟིགས་མོར་བཀྲམས་པ།

མི་ལོ་བདུན་གྱི་ཡར་སྔོན་ཞིག་ལ་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་འདི་ཤར་གཏོང་བྱས་པ་དང་། ད་ལྟའི་བར་དུ་དྲ་སྟེང་ན་རྒྱུ་བའི་བོད་ཀྱི་སློབ་ཆེན་པ་དང་ཤེས་ལྡན་པ་གང་མང་ཞིག་ལ་ཆེད་ལས་ཀྱི་གར་སྟེགས་ཤིག་བསྐྲུན་ཐུབ་པ་བྱུང་བ་རེད། དྲ་བ་འདིས་ནམ་རྒྱུན་བོད་ཡིག་བརྡ་འཕྲིན་ཐད་ཀྱི་ཤེས་བྱ་བསྡུ་ཉར་དང་དེ་ལ་དོ་སྣང་ཕུད། ལག་རྩལ་གསར་བར་ཞིབ་འཇུག་གིས་བོད་ཡིག་གི་དྲ་ཚིགས་སྣ་ཚོགས་བཟོ་སྒྲུབ་གྱི་ལས་ཀ་ཡང་ལྷུར་དུ་ལེན་བཞིན་མཆིས།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་འདི་ཐོག་མར་ཚུགས་པ་ནས་ད་ལྟའི་བར་ཁྱོན་བསྡོམས་ཐེངས་གསུམ་ལ་པར་ངོས་ལེགས་བཅོས་བྱས་མྱོང་པ་དང་། ད་རེབ་ནི་ལེགས་བཅོས་བྱེད་ཐེངས་བཞི་བ་དེ་རེད། རེབ་འདིར་ང་ཚོས་དྲ་ཚིགས་ཀྱི་བྱ་རིམ་ཐད་ནས་འཛམ་གླིང་ཡོངས་སུ་བཀོལ་སྤྱོད་ཀྱི་གཞི་རྒྱ་ཤིན་ཏུ་ཆེ་བའི WordPress བྱ་རིམ་འདི་སྤྱད་ཡོད་པ་དང་། བྱ་རིམ་འདི་བོད་འགྱུར་གྱི་ལས་ཀ་ཡང་མགོ་ཚུགས་ནས་ཡོད། ད་ཐེངས་ཀྱི་པར་ངོས་འདི་ལ་ཁྱད་ཆོས་ཞིག་ཡོད་པ་ནི་ཁྱོན་ཡོངས་ནས་རང་རེའི་དྲ་ཚིགས་ལ་ཚད་གཞི་ཞིག་བཟོས་པ་དང་། འགྲོ་ལུགས་ཀུན་དང་བསྟུན་ནས་ལྷན་རྒྱས་ལ་སྟབས་བདེ་བསྐྲུན་ཡོད་པ་ནི་དཔེར་ན། གློག་ཀླད་ཙམ་མ་ཡིན་པར iPhone, iPad སོགས་ལག་ཁྱེར་ཁ་པར་དང་པང་ལེབ་ཀམ་པུ་ཊ་སོགས་ནས་གཟིགས་པའི་སྐབས་སུ་གང་ལ་གང་འཚམ་གྱིས་དྲ་ངོས་རེ་འཆར་ཡོང་གིན་ཡོད་པ་དང་། བོད་ཡིག་བརྡ་འཕྲིན་ལག་རྩལ་ཕྱོགས་ལ་སྤྲོ་སྣང་ཡོད་མཁན་ཚོས་ཐད་ཀར་རང་རེའི་དྲ་ཚིགས་ནང་ཞུགས་ནས་རྩོམ་འབྲིའི་ལས་ཀར་འཇུ་ཆོག་གིན་ཡོད།

པར་ངོས་ལེགས་བཅོས་བྱེད་དུས: 2014/6/5
པར་ངོས་ལེགས་བཅོས་པར་གཞི: 4.0
བྱ་རིམ་བཀོལ་སྤྱོད: WordPress
བོད་འགྱུར་གཙོ་འགན་པ: གླིང་སྨྱོན།

གསལ་བཤད་ཐུང་ངུ་།

ད་རེབ་པར་ངོས་ལེགས་བཅོས་བྱེད་དུས་སྔོན་མའི་དཀར་ཆག་ལ་འགྱུར་བ་ཅུང་ཙམ་བཏང་ཡོད།

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

“བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་པར་ངོས་གསར་པ་ཀུན་གྱི་གཟིགས་མོར་བཀྲམས་པ།” སྟེང་དུ་དཔྱད་མཆན 14 ཡོད།

  1. ཁྱེད་ཚང་ལ་ཐུགས་རྗེ་ཆེ་ཞུ། བོད་ཡིག་མེད་པའི་ཁ་པར་དང་ལེབ་སྙོམས་རྩིས་འཁོར་སོགས་ཀྱི་ནང་དུའང་ཁྱེད་ཚང་གི་དྲ་ངོས་ཀྱི་འཆར་ཐུབ་བམ།

  2. WordPressནས་བཟོས་པའི་ཁྱེད་ཚོའི་དྲ་ངོས་དེ་རིན་མེད་ཐོག་ཏུ་བཟོས་སམ་ཉོས་ཏེ་བཟོས། འདི་ལྟར་འབྲི་དགོས་དོན་ནི་བདག་གིས་ཀྱང་wordpressནས་ཟིན་བྲིས་ཤིག་གཉེར་ཡོད་ཀྱང་རིན་མེད་ཐོག་ཏུ་ཆ་རྐྱེན་དེ་ཙམ་མི་འདུག

  3. རྣམ་པ་ཚོས་དྲ་ངོས་བརྗེ་སྤོར་བྱས་པ་དང་མཉམ་དུ་དེ་སྔ་བཞིན་ཆེས་སྟབས་བདེའི་ཐོག་ནས་ཕབ་ལེན་བྱེད་ཆོག་པའི་དགོས་གལ་ཆེ་བའི་མཉེན་ཆས་གང་མང་ཞིག་མཐོང་རྒྱུ་མི་འདུག་པས་དེའི་རྒྱུ་རྐྱེན་གང་ལགས།

  4. དྲ་ཚིགས་འདི་བཟོ་བཅོས་བྱས་པ་རྟེན་འབྲེལ་ཞུ།
    དེ་སྔོན་དང་བསྡུར་ན་པར་གཞི་གསར་པ་འདི་ལ་འཚོལ་གཤེར་བྱེད་པ་སོགས་ནས་མི་གོམ་པ་ཆེན་པོ་འདུག

  5. དུས་རྒྱུན་དུ་བདག་གིས་ཧ་ཅང་དགའ་པོའི་ངང་ཉིན་རེ་ཐེངས་རེ་ལྟ་སའི་དྲ་ཚིགས་འདི་བཟོ་བཅོས་བྱསཔ་གོ་མ་ཐག་ཧ་ཅང་དགའ་སོང་། དེའ་རྒྱུ་མཚན་ནི་ཡར་རྒྱས་དང་འཐུས་ཚང་དུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ཞིག་མངོན་པས་ཡིན། ཡིན་ནའང་དྲ་ངོས་རྙིང་པ་དང་འདི་གཉིས་བསྡུར་ན་རྙིང་པ་དེས་མཛེས་རྩལ་དང་སྒྲིག་སྟངས་སོགས་ཧ་ཅང་བཟང་བ་འདུག དྲ་ངོས་གསར་པ་འདིར་དམིགས་བསལ་དགེ་མཚན་ཅི་ཞིག་ཡོད་པ་སོགས་ལ་འགྲེལ་བཤད་གསལ་པོ་གནང་རོགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།