ཐུན་ཞོན་མེན་ཧན་ལོ་ཙཱ་ལ་དགའ་བསུ་ཆེན་པོ་ཐོབ་པ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་འཕྲིན་ཡིག་འབྱོར་གསལ། ཉེ་ཆར་ཐིན་ཞོན་གྱིས་“ཐུན་ཞོན་མེན་ཧན་ལོ་ཙཱ་”ཞེས་པའི་བྱ་རིམ་ཆུང་བ་དངོས་སུ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། བྱ་རིམ་ཆུང་བ་འདིའི་ནང་དུ་ཡུ་གུར་གྱི་སྐད་དང་། བོད་སྐད་(དབུས་གཙང་དང་ཨ་མདོ། ཁམས་པའི་སྐད་བཅས་འདུས་ཡོད)དེ་རྒྱ་ཡིག་ལ་བརྗེ་རེས་ཀྱིས་ལོ་ཙཱ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ཐུན་ཞོན་མེན་ཧན་ལོ་ཙཱ་ལ་དགའ་བསུ་ཆེན་པོ་ཐོབ་པ།

ངོ་སྤྲོད་བྱས་པར་གཞིགས་ན། “ཐུན་ཞོན་མེན་ཧན་ལོ་ཙཱ་”ཞེས་པའི་བྱ་རིམ་ཆུང་བ་དེས་“དུས་ཐོག་ཏུ་སྐད་སྒྲ་ངོས་འཛིན་ཐུབ་པ། + ཐིག་ཚེག་བསྣུན་པའི་ཚིག་གྲུབ། + ལོ་ཙཱ་བྱེད་པ། + སྒྲ་གདངས་འདྲེས་སྦྱོར་”ཞེས་པའི་ཐོག་མའི་གསར་གཏོད་མངོན་འགྱུར་བྱུང་བ་རེད། གཞན་ཡང་ད་དུང་གྲངས་ཉུང་མི་རིགས་ཀྱི་སྐད་ཆའི་OCRཡི་ལོ་ཙཱའི་ལག་རྩལ་ལ་ཞུགས་ཏེ། འདྲ་པར་ནང་གི་ཡི་གེ་ལོ་ཙཱ་བྱེད་ཐུབ་པ་རེད།

ཐོན་རྫས་དེའི་འགན་འཁུར་པས་བསྟན་དོན། ཐོན་རྫས་དྲ་ཞུགས་བྱས་པ་ནས་བཟུང་། ཚོང་ལས་ཁྱབ་སྤེལ་གང་ཡང་མ་བྱས་རུང་། སོ་སོའི་མེན་ཧན་སྐད་རིགས་སློབ་སྦྱོང་སྡེ་ཁུལ་གྱི་ཁས་ལེན་དང་ཉེར་སྤྱོད་ཐོབ་ཡོད་ལ། ང་ཚོའི་བྱ་རིམ་ཆུང་བ་རྣམས་ལུང་འདྲེན་བྱས་ཏེ། རིམ་པ་དང་པོའི་ལོ་ཙཱའི་འཇུག་སྒོ་བྱས་ཏེ། མིག་སྔར་སྤྱོད་མཁན་སྡོམ་གྲངས་7wདང་ཉིན་རེར་བརྒྱ་ཆ་1.3གསོན་ཐུབ་པ་གསལ་བཤད་བྱས་ཡོད། མ་འོངས་པར། ཐིན་ཞིན་མེན་ཧན་ལོ་ཙཱ་ཡིས་སློབ་གསོ་དང་། ཚོང་དོན། གཞུང་སྒྲུབ། ཡུལ་སྐོར་སོགས་ཀྱི་རྣམ་པ་གཏིང་ཟབ་ཏུ་སྤེལ་ཏེ། ཚང་མར་ཉེ་བཅར་བྱེད་པ་དང་། མི་རིགས་ཀྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་བཞིན་ཡོད།

“腾讯民汉翻译”小程序

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།