ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས3.0 Liteཔར་གཞི་ཁྱབ་བསྒྲགས་བྱས་ནས་ཀོང་ཏུང་སྐད་དང་། བོད་སྐད། ཡུ་གུར་སྐད་བཅས་སྤྱི་སྐད་དང་ཕན་ཚུན་ཡིག་སྒྱུར་གསར་དུ་བསྣན།

ཀྲུང་དབྱང་རླུང་འཕྲིན་དྲ་བའི་ཚན་རྩལ་ནས་ཟླ་8ཚེས་9ཉིན་གནས་ཚུལ་འབྱོར་གསལ། རྒྱ་ཡིག་དེ་དབྱིན་ཇི་དང་། འཇར་པན། ཨུ་རུ་སུ། ཧན་གོ་བཅས་ལ་སྐུད་བྲལ་ཡིག་སྒྱུར་བྱེད་པ་དང་། དེ་བཞིན་ཀོང་ཏུང་གི་སྐད་དང་། སི་ཁྲོན་གྱི་སྐད། ཧོ་ནན་གྱི་སྐད། བྱང་ཤར་གྱི་སྐད། དབྱིན་ཡིག་བཅས་ཀྱི་ཡིག་སྒྱུར་ལ་རྒྱབ་སྐྱོར་བྱས་ཡོད་པ་སོགས། གསར་དུ་ཁྱབ་བསྒྲགས་བྱས་པའི་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས3.0 Liteདམིགས་བསལ་པར་གཞིའི་ནུས་པ་རིམ་སྤོར་བྱུང་བ་མ་ཟད། ད་དུང་པར་ལེན་ཡིག་སྒྱུར་དང་། མིའི་ཐབས་ཀྱི་ཡིག་སྒྱུར། ཁ་སྐད་སློབ་སྦྱོང་། གོ་ལ་ཧྲིལ་པོའི་དྲ་ཞུགས་སོགས་ལའང་རྒྱབ་སྐྱོར་བྱས་ཡོད།

ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས།

“ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས2016ལོར་ཁྱབ་བསྒྲགས་བྱས་ཚུན་རྒྱུན་ཆད་མེད་པར་གསར་བཅོས་བྱས་ནས་1.0ནས་3.0བར་གྱི་རྒྱུན་མི་ཆད་པའི་སྐས་རིམ་དུ་སླེབས་ཡོད།”ཚེས་8ཉིན། ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་ཀྱི་ལས་སྒོའི་སྤྱི་ཁྱབ་ཅིང་ལི་ཀྲའེ་ཅི་པོ་ཡིས་སྨྱན་སྦྱོར་འབྲེལ་གཏུག་ཚོགས་འདུའི་ཐོག་མིག་སྔར་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་འཁོར་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཙམ་ལ་ཁྱབ་ཐུབ་པའི་ནང་ལོ་སི་དང་། པོ་སི། ཝུར་ཏུའུ་སྐད་སོགས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་ཀྱི་སྐད་ཡིག་ཡིག་སྒྱུར་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཉེ་ཆར་རིམ་སྤོར་བྱས་རྗེས་ཤུན་ཧྥེ་ཡིས་ཀོང་ཏུང་གི་སྐད་དང་། བོད་སྐད། ཡུ་གུར་སྐད་བཅས་ཕན་ཚུན་སྐད་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མི་རིགས་དབར་སྤེལ་རེས་བྱ་རྒྱུར་དེ་བས་རང་དབང་ལྡན་པ་བྱས་ཡོད། གཞན་ཡང་ཀྲུང་དབྱིན་གྱི་སྐུད་བྲལ་ཡིག་སྒྱུར་གནད་ལ་འཁེལ་ཚད་95%ཟིན་ནས་སློབ་ཆེན་གྱི་རིམ་པ་དྲུག་པའི་ཆུ་ཚད་དང་ཉེ་བ་ཡོད་པ་རེད།

སྐད་ཡིག་ནི་མི་རྣམས་ཀྱི་འཚོ་བ་དང་། ཡུལ་སྐོར། ལས་ཀ་བཅས་སྤེལ་རེས་དང་འབྲེལ་གཏུག་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཕྱི་རྒྱལ་དུ་ཡུལ་སྐོར་དང་། ཚོང་དོན་གྲོས་མོལ། ཕྱི་ཕྱོགས་ཚོང་དོན་འགྲོ་འོང་། དབྱིན་ཡིག་སློབ་སྦྱོང་ཐད་སྐད་བརྡ་མི་འཕྲོད་པའི་གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཀྲའེ་ཅི་པོ་ཡིས་རིམ་སྤོར་རྗེས་ཀྱི་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་ཀྱིས་སྨན་བཅོས་དང་། དངུལ་རྩ། རྩིས་འཁོར། བཅའ་ཁྲིམས། ལུས་རྩལ། ནུས་རྒྱུ། ཕྱི་ཕྱོགས་ཚོང་དོན་སོགས་ལས་རིགས་ཆེ་གྲས་བདུན་གྱི་AIཡིག་སྒྱུར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད་ལོ་ཙཱ་དེ་བས་གནད་ལ་འཁེལ་བ་དང་དེ་བས་ཆེད་ལས་ཡིན་པ་རེད། ཡིག་སྨར་གྱི་ཆ་འཕྲིན་དང་འཕྲད་ཚེ་ད་དུང་པར་ལེན་ཡིག་སྒྱུར་བྱེད་ཆོག་གི་ཡོད། ཁོང་གིས་དཔེ་དྲངས་ནས་མི་ཞིག་གིས་ཕྱི་རྒྱལ་གྱི་ཟ་ཁང་ཞིག་ཏུ་ཁ་ལག་བཟས་ཚེ་ཚལ་ཐོ་ཧ་མ་གོ་ཚེ་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་ཀྱིས་ཚལ་ཐོ་ལ་ཕྱོགས་ནས་པར་རྒྱག་ཆོག་གི་ཡོད། དེ་རྗེས་ཡིག་སྒྱུར་འཕྲུལ་ཆས་ཀྱི་བརྙན་ཤེལ་ལ་ལྟོས་ཟླའི་ཡིག་སྒྱུར་གྱི་ནང་དོན་ཐོན་ནས་སྟབས་བདེ་རུ་འགྲོ་གི་ཡོད། གཞན་ཡང་། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས3.0 Liteཔར་མར་མིའི་ཐབས་ཀྱི་ཡིག་སྒྱུར་དང་ཁ་སྐད་སློབ་སྦྱོང་སོགས་ཀྱི་ནུས་པ་ལྡན་ཡོད།

སྐད་ཡིག་གིས་སྐད་ཡིག་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དབར་གྱི་འབྲེལ་ཟམ་གལ་ཆེན་བཙུགས་པ་དང་ལུས་རྩལ་ནི་དེའི་ཁྲོད་ཀྱི་དེ་བས་དོ་ཁུར་ཆེན་པོ་བྱེད་པའི་ཆ་ཤས་ཤིག་ཡིན། སི་ཕེན་གྱི་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་5ཉིན་ཁོ་ཏ་ཤུན་ཧྥེ་གཤམ་འོག་གི་འཛད་སྤྱོད་པའི་ཐོན་རྫས་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་དང་གོང་མ་ཚང་གི་རྐང་གྲུག་སྤྲོ་སྐྱིད་ཁང་དང་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཝུའུ་ལེ་ཡིས་སི་ཕེན་གྱི་པ་སའེ་ལུའོ་ནར་དངོས་སུ་གན་རྒྱ་བཞག་པ་རེད། ཝུའུ་ལེ་དངོས་སུ་ཁོའོ་ཏ་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་ཀྱི་སྤུས་རྟགས་མགྲིན་ཚབ་པ་དང་པོར་གྱུར་པ་དང་ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས་དེ་གོང་མ་ཚང་གི་རྐང་གྲུག་སྤྲོ་སྐྱིད་ཁང་གི་གཞུང་ཕྱོགས་ཀྱི་ཡིག་སྒྱུར་མཉམ་ལས་རོགས་ཟླ་ཞིག་ཏུ་གྱུར་ཡོད།

ཝུའུ་ལེས་སྐད་སྒྱུར་འཕྲུལ་ཆས་ཡོད་ཚེ་ཆེད་ལས་ཀྱི“ལུས་དང་འགྲོགས་པའི་སྐད་སྒྱུར་དཔོན་པོ”ཡོད་པ་དང་འདྲ་ཞེས་སྦ་གསང་མེད་པར་བཤད། སྤོ་ལོ་རྒྱག་མཁན་ཚོས་སྟབས་བདེའི་ངང་རྩལ་སློབ་དགེ་རྒན་དང་དམག་སྤྱི་དང་འབྲེལ་གཏུག་གྲོས་བསྡུར་གྱི་འཐབ་རྩལ་དང་། རུ་གྲོགས་ཚོ་དང་འགྲན་བསྡུར་གྱི་མྱོང་ཚོར་སྤེལ་རེས་ཐུབ་རྒྱུ་མ་ཟད། ད་དུང་སྤོ་ལོ་རྒྱག་མཁན་དང་ཁོང་ཚོའི་ནང་མི་ས་གནས་དེ་གའི་འཚོ་བར་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་ཐུབ་ལ། ལོན་ཏོན་གྱི་ཁོག་དང་། ཉིའུ་གཡོད་ཀྱི་ཁོག སི་ཁྲོན་གྱི་སྐད། བྱང་ཤར་གྱི་སྐད་ཆ་སོགས་ཀྱང་སྤེལ་རེས་ཀྱི་འགོག་རྐྱེན་དུ་གྱུར་མེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁྱབ་བསྒྲགས་བྱས་པའི་3.0 Liteཡིས་རྒྱ་ཡིག་དང་སི་ཕེན་སྐད་ཕན་ཚུན་སྐུད་བྲལ་ཡིག་སྒྱུར་བྱ་རྒྱུ་དམིགས་བསལ་དུ་གསར་སྣོན་བྱས་ནས་སྤྱོད་མཁན་ལ་དྲ་རྒྱ་མེད་པའི་གནས་ཚུལ་འོག་རང་མོས་ངང་སྤེལ་རེས་བྱེད་བདེ་པོ་ཡོད་པ་རེད། གཞུང་ཕྱོགས་ཀྱིས་བསྟན་དོན། ཁོའོ་ཏ་ཤུན་ཧྥེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུད་བྲལ་སྐད་སྒྱུར་ལ་ནང་ཁུལ་གྱི་ཚོད་ལྟ་བྱེད་བཞིན་ཡོད་པ་དང་ཤུན་ཧྥེས་ཡིག་སྒྱུར་འཕྲུལ་ཆས་3.0 Liteཡི་རིམ་སྤོར་པར་གཞི་དང་པོའི་ནང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ལ། རྒྱ་ཡིག་དང་དབྱིན་ཇི། འཇར་པན། ཨུ་རུ་སུ། ཧན་གོ་བཅས་ཀྱི་སྐུད་བྲལ་ཡིག་སྒྱུར་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་གི་ཡིན་ཟེར།

“ཤུན་ཧྥེ་ཡིག་སྒྱུར་འཕྲུལ་ཆས3.0 Liteཔར་གཞི་ཁྱབ་བསྒྲགས་བྱས་ནས་ཀོང་ཏུང་སྐད་དང་། བོད་སྐད། ཡུ་གུར་སྐད་བཅས་སྤྱི་སྐད་དང་ཕན་ཚུན་ཡིག་སྒྱུར་གསར་དུ་བསྣན།” ལ་ལན 2 སློག་འདུག

མཆན་སྤེལ་ཡུལ་ནི་ གངས་གཞོན་ནུ། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།