ཕྲ་མཉེན་གྱི་གསར་རྐྱང་ཡིན་པའིChromiumཔར་མའིEdgeབཤར་ཆས་དངོས་སུ་འགྲེམ་སྤེལ་བྱས།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ཟླ1པོའི་ཚེས16ཉིན་གྱི་གནས་ཚུལ། དེ་ཡང་སྤྱི་ལོ2018ལོའི་ཟླ12པར་ཕྲ་མཉེན་གྱིསChromiumརྨང་གཞི་བྱས་པའི་ཐོན་རིམ་གསར་བའིEdgeབཤར་ཆས་གསར་སྤེལ་བྱ་རྒྱུ་ཡིན་པའི་སྐོར་བསྒྲགས་མྱོང་བ་དང་། ཕྲ་མཉེན་གྱི་དམིགས་འབེན་ནི་སྤྱོད་མཁན་ལ་སྔར་བས་ལེགས་པའིWebའཆམ་མཐུན་རང་བཞིན་གསར་བཟོ་བྱེད་པ་དེ་ཡིན་ལ། དེ་དང་ལྷན་དུWebགསར་འབྱེད་མི་སྣརWebཧྲུག་འགྱུར་ཇེ་ཉུང་དུ་གཏོང་བ་དེ་རེད། ལོ་ངོ་གཅིག་གི་རིང་ལ་ཐོན་རིམ་གསར་བའིEdgeབཤར་ཆས་ཚོད་ལྟ་བྱས་མཐར། ཕྲ་མཉེན་གྱིས་དེ་རིང་དངོས་སུWindowsདངmacOSལ་འཚམ་པའིMicrosoft Edgeབཤར་ཆས་ཕྱོགས་ཡོངས་ནས་ཚོང་རར་འདོན་པ་ཁྱབ་བསྒྲགས་བྱས།

ཁྱེད་རང་གིས Microsoft Edge དྲ་ཚིགས་བརྒྱུད་ནས་སྐད་ཡིག90ལྷག་ལ་རྒྱབ་སྐྱོར་ཐོབ་པའིWindowsཡིMicrosoft Edgeབཤར་ཆས་ཀྱི་“བརྟན་ལྷིང་”གི་པར་གཞི་ངོ་མ་(Microsoft Edge 79བརྟན་ལྷིང་པར་གཞི)ཕབ་ལེན་བྱེད་ཆོག་པ་དང་། དུས་མཚུངས་སུWindows 8.1/8, Windows 7, macOS, iOSདང་ཨན་གྲོལ་མ་ལག་བཅས་སོགས་ལའང་དུས་མཉམ་དུ་རྒྱབ་སྐྱོར་ཐོབ་པ་ཡིན།

གལ་སྲིད་ཁྱེད་རང་གིསMicrosoft Edgeབཤར་ཆས་དེ་ལག་སྒུལ་སྒྲིག་འཇུག་བྱེད་མི་འདོད་ཚེ། མ་འོངས་པའི་དུས་སུ་དེའིWindows 10ཡི་གསར་བཅོས་རང་འགུལ་སྒྲིག་འཇུག་ལ་སྒུག་ཀྱང་ཆོག་པ་ཡིན། ཕྲ་མཉེན་གྱིས་དེའི་རྗེས་ཀྱི་ཟླ་འགའི་ནངWindows 10སྤྱོད་མཁན་ཡོངས་ལ་གཏན་འཇགས་ཀྱི་པར་གཞི་གསར་པ་འདོན་རྒྱུ་རེད། གནས་སྤོའི་བརྒྱུད་རིམ་དེ་རྗེས་ཀྱི་གཟའ་འཁོར་འགའ་ནས་འགོ་ཚུགས་རྒྱུ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།