སྨོན་ལམ་ཚིག་མཛོད་ཆེན་མོ་ ༢༠༢༠ པ་ཨན་ཌོ་མ་ལག་ནང་དངོས་སུ་འགྲེམ་སྤེལ་བྱས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་འབྱོར་བའི་གནས་ཚུལ། བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སེར་སྐྱ་ཡོངས་ལ། རབ་བྱུང་ ༡༧ པའི་ལྕགས་ཕོ་བྱི་བའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལོ་སར་ཚེས་གཅིག་ཉིན་ངེད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་ ༢་༡ ཅན་ནམ་སྨོན་ལམ་ཚིག་མཛོད་ཆེན་མོ་ ༢༠༢༠ པ་ཨན་ཌོ་མ་ལག་ནང་དངོས་སུ་འགྲེམ་སྤེལ་ཞུས་ཡོད།

ཨན་ཌོ་(Android)མ་ལག་ཅན་གྱི་ཁ་པར་རྣམས་ལ་མཉེན་ཆས་སྔར་ལས་ལྡབ་འགྱུར་གྱི་ཡར་རྒྱས་བཏང་ཡོད་པར་མ་ཟད། ཚིག་མཛོད་ཆེན་མོ་ལོ་གཅིག་རིང་བསྐྱར་བཅོས་ཟིན་པ་གསར་སྤེལ་གྱིས། བོད་དབྱིན་དང་དབྱིན་བོད་ཕྱོགས་གཅིག་ཏུ་སྟབས་བདེར་བཟོས་ཡོད། དེར་བརྟེན་ཨན་ཌོ་(Android)མ་ལག་དང་འབྲེལ་བའི་སྨོན་ལམ་བོད་དབྱིན་ཚིག་མཛོད་སྔ་མ་དག་བསུབས་ཏེ་ཐོན་རིམ་གསར་པ་འདི་ཕབ་ལེན་གནང་རོགས་ཞུ།

མ་ལག་གཞན་དག་ནང་རིང་མིན་འགྲེམས་སྤེལ་ཞུ་རྩིས་ལགས་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ལྕགས་བྱི་ལོའི་ལོ་སར་ཚེས་གཅིག་ཉིན་ཕུལ།

ཕབ་ལེན་བྱེད་ས་དང་པོ།

ཕབ་ལེན་བྱེད་ས་གཉིས་པ།

དེ་ལྟར། རིམ་བཞིན་ཕབ་ལེན་བྱེད་ས་དང་པོ་དེས་མ་ཐུབ་ན་གཉིས་པ་དེར་ཚོད་ལྟ་གནང་རོགས། དེ་ཡང་མ་ཐུབ་ཚེ་གསུམ་པར་ཚོད་ལྟ་གནང་རོགས་ཞུ།

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

“སྨོན་ལམ་ཚིག་མཛོད་ཆེན་མོ་ ༢༠༢༠ པ་ཨན་ཌོ་མ་ལག་ནང་དངོས་སུ་འགྲེམ་སྤེལ་བྱས།” སྟེང་དུ་དཔྱད་མཆན 5 ཡོད།

  1. དཔེ་རང་ཡག་པོ་བྱུང་སོང་།
    བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་དྲ་ཚིགས་དེར་ཐུགས་རྗེ་ཆེ་ཞུའོ།
    དེ་ཕབ་ལེན་རྩིས་འཁོར་ནས་བྱས་ན་མགྱོགས་པ་འདུག
    ཁ་པར་ནས་ཕབ་ལེན་བྱས་ན་འགོར་པོ་ཞེ་པོ་འདུག

  2. བཙལ་བྱའི་མིང་ཚིག་འཚོལ་ཞིབ་བྱས་པ་བརྒྱུད། བཙལ་འབྲས་ཀྱི་སྟེང་དུ་མཐེབ་མོ་ཡུན་རིང་མནན་རྗེས་འདྲ་བཟོ་(复制)བྱེད་རྒྱུའི་ནུས་པ་ཁ་སྣོན་གནང་ན་ཧ་ཅང་ཡག་པོ་ཡོང་ས་འདུག་

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།