ཞང་ཞུང་སྨར་ཆེན་གྱི་རྩིས་འཕྲུལ་ཡིག་གཟུགས་དངོས་སུ་པར་འགྲེམས་བྱས་པ།

ཉེ་ལམ་ཞང་ཞུང་རིག་མཛོད་ཁང་ནས་གནས་ཚུལ་འབྱོར་གསལ། ཕྱི་ཟླ་9པའི་ཚེས་22ཉིན་ཞང་ཞུང་སྨར་ཆེན་གྱི་རྩིས་འཕྲུལ་ཡིག་གཟུགས་དེ་རིན་མེད་སྒོས་དྲ་རྒྱའི་ཐོག་དངོས་སུ་པར་འགྲེམས་བྱས་པ་རེད། གནའ་བོའི་ཞང་ཞུང་ཡིག་གཟུགས་གྲས་ཀྱི་སྨར་ཆེན་ཡིག་གཟུགས་དེ་ཞང་ཞུང་རིག་མཛོད་ཁང་གིས་དུས་རབས་དང་མཐུན་པའི་སྒོ་ནས་རྩིས་འཕྲུལ་ཡིག་གཟུགས་སུ་བཟོས་ཏེ་དུས་ཡུན་གང་འཚམ་ཞིག་སོང་ཡོད་ལ། དེའི་རིང་ལ་ཕྱོགས་སོ་སོར་བཞུགས་པའི་སྤྱིར་ཡིག་གཟུགས་ཆེད་མཁས་པ་དང་ཁྱད་པར་དུ་གནའ་བོའི་ཞང་ཞུང་ཡིག་གཟུགས་ལ་རྒྱུས་མངའ་དང་ཞིབ་འཇུག་ཆེད་སྦྱོང་སོགས་གནང་མཁན་དག་ལ་བཀའ་འདྲི་དང་སློབ་སྟོན་ཡང་ཡང་ཞུས་ཏེ་བཟོ་བཅོས་སོགས་གང་ལེགས་བྱས་ཏེ། སྤྱི་ལོ་2020ལོའི་ཟླ་བ་9བའི་ཚེས་8ཉིན་མཚོ་སྔོན་དུང་དཀར་དགོན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་འཚོགས་སྐབས་སུ་ཞང་ཞུང་རིག་མཛོད་ཁང་གི་ཡིག་སྣོད་དང་ཞང་ཞུང་སྨར་ཆེན་ཡིག་གཟུགས་གཉིས་རིན་མེད་ཕུལ་བའི་མཛད་སྒོ་སྤེལ་འདུག

ཞང་ཞུང་སྨར་ཆེན་དང་སྨར་ཆུང་དེ་བཞིན་བོད་ཡིག་གི་ཡིག་གཟུགས་བཅས་བཀོད་པ།
ཞང་ཞུང་སྨར་ཆེན་དང་སྨར་ཆུང་དེ་བཞིན་བོད་ཡིག་གི་ཡིག་གཟུགས་བཅས་བཀོད་པ།

ཞང་ཞུང་སྨར་ཆེན་གྱི་རྩིས་འཕྲུལ་ཡིག་གཟུགས་འདི་ཕབ་ལེན་བྱ་འདོད་ཚེ། ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་ཐད་ཀར་རིན་མེད་ཕབ་ལེན་བྱེད་རྒྱུ་ཡོད་ལ། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་བོད་ཡིག་གི་ཡིག་གཟུགས་ཕྱོགས་བསྡུས་ཤོག་ངོས་སུའང་བསྡུ་རུབ་བྱས་ཡོད།

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

“ཞང་ཞུང་སྨར་ཆེན་གྱི་རྩིས་འཕྲུལ་ཡིག་གཟུགས་དངོས་སུ་པར་འགྲེམས་བྱས་པ།” སྟེང་དུ་དཔྱད་མཆན 2 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།