དཀར་ཆག
འཕྲིན་གསར།

ཀུ་ཤུའི་གློག་ཀླད་ཀྱི་ཧི་མ་ལ་ཡ་གཏག་ཐབསv2.3.0པར་འགྲེམས་བྱས།

དེ་ཡང་ལོ་ངོ་གཉིས་ཀྱི་ཡར་སྔོན་ཞིག་ལ་ཀུ་ཤུའི་གློག་ཀླད་ཁྲོད་དུ་བེད་སྤྱོད་བྱེད་པའི་ཧི་མ་ལ་ཡའི་མཐེབ་གཞོང་གི་གཏག་ཐབས་ཐོན་རིམ་གཉིས་པ་པར་འགྲེམས་བྱས་པ་དང་དེར་ཀུན་གྱིས་དགའ་བསུ་ཐོབ་པ་དང་ལྷན་དུ་ཀུ་ཤུའི་མ་ལག་ལ་གཞུང་ཕྱོགས་ནས་གསར་བཅོས་བྱས་པ་དང་བསྟུན་ནས་གནད་དོན་ཡང་རིམ་བཞིན་ཐོན་གིན་ཡོད་ལ། སྤྱོད་མཁན་གྱི་འདོད་བློ་ཡང་སྐོང་ཐུབ་པ་མི་འདུག་པས་ང་ཚོས་ད་ཐེངས་ཐོན་རིམ་གཉིས་པ་དེ་ལ་ལེགས་བཅོས་བྱས་པ་ཡིན།

ཐོན་རིམ་གསར་ཤོས v2.3.0 ཁྲོད་དུ་ལེགས་བཅོས་བཏང་བ་ནི།

  • ལ་ཏིང་གི་ཡི་གེ་གཏག་དུས་སུ་མཐེབ caps lock མནན་ཚེ་རང་འགུལ་གྱིས་མ་ལག་གི་དབྱིན་ཡིག་གཏག་ཐབས་ལ་འགྱུར་བར་བྱས་ཏེ་ཀུ་ཤུའི་མ་ལག་གི་སྒྲིག་གཞི་དང་མཐུན་པར་བྱས་པ།
  • མཐེབ་ཁ་ཤས་སུ་ཡི་གེ་གཏག་མི་ཐུབ་པའི་གནད་དོན་སེལ་བ།
  • བརྩེགས་པའི་སྐབས་ཀྱི་འ་ཆུང་གི་ཡི་གེ་དེ TIBETAN SUBJOINED LETTER -A དོར་ནས TIBETAN VOWEL SIGN AA སྤྱད་པ།
  • ཤི་མཐེབ m དང M མནན་པའི་སྐབས་སུ་ཀུ་ཤུའི་བོད་ཡིག་གཏག་ཐབས་གཞན་དག་དང་མཐུན་པར་སྒྲ་སེལ་རྟགས་བསྣན་པ།
  • སྒྲིག་འཇུག་བྱེད་དུས་སུ་སྒྲིག་འཇུག་ཆས་ཤིག་ལོགས་སུ་བསྣམ་ནས་སྤྱོད་མཁན་ལ་སྟབས་བདེ་བཟོས།
  • དེ་ལས་མང་པའི་ཞིབ་ཆ་འགའ་ལ་ལེགས་བཅོས་བྱས་པ།

ཞིབ་རྒྱས་འདིར་གསལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།