དཀར་ཆག
ལག་རྩལ།

PDFརྣམ་པའི་གློག་རྡུལ་དཔེ་དེབ་བཟོ་ཚུལ་ལམ་ཡིག་ཆའི་རྣམ་པ་PDFལ་འགྱུར་ཚུལ།

དེ་ཡང་གློག་རྡུལ་དཔེ་དེབ་ཞེས་པ་༼ དབྱིན་སྐད་དུ་Electronic Book བསྡུས་འབྲི་བྱས་ཚེ་ E-bookལྟ་བུའོ།༽།། དེ་ནི་ཐོག་མར་སྤྱི་ལོ་༡༩༧༡ལོར་ཨ་རིའི་ཨི་ལི་ནོའི་སི་སློབ་ཆེན་གྱི་སྐུ་ཞབས་Michael Hart ལགས་ཀྱི་མིའི་རིགས་ཀྱི་གྲགས་ཅན་དཔེ་ཆ་རྣམས་གློག་ཀླད་ནང་འབྲི་རྒྱུའི་འཆར་གཞི་གླེང་ཞིང་ཐེངས་དང་པོར་སྲོལ་རྒྱུན་ཤོག་ངོས་ཀྱི་དཔེ་ཆ་གློག་རྡུལ་པར་གཞི་ལ་གཏག་ཡོད། དེ་མིན་སྤྱི་ལོ་2001ལོའི་ཟླ་3ཚེས་14ཉིན་གྲགས་ཅན་བརྩམས་སྒྲུང་མཁས་ཅན་ཟི་ཏི་ཕིན་ཁིང་ལགས་ཀྱིས་རང་ཉིད་ཀྱི་ཆེས་གསར་པའི་སྒྲུང་གཏམ་༼ Riding the Bullet ༽ཞེས་པ་ཤོག་གྲངས་༦༠ལ་ཉེ་བ་དེ་དྲ་རྒྱ་བརྒྱུད་ནས་འདྲེན་སྤེལ་གནང་བར་དུས་ཐུང་ནང་ཨ་སྒོར་བྱེ་བ་ཡི་དཔལ་འབྱོར་ཁེ་ཕན་ཐོབ་ཡོད་པས་དེ་ནས་གློག་རྡུལ་དཔེ་ཆའི་བཟོ་སྐྲུན་གྱི་མཐོ་རླབས་གསར་པ་ཞིག་འཕྱུར་རོ།།

དེང་གི་ཆ་ན། གློག་རྡུལ་དཔེ་དེབ་ནི་དྲ་རྒྱའི་ཐོག་གི་གལ་འགངས་ཆེ་བའི་གྲུབ་ཆ་ཞིག་ཡིན། དེར་རྣམ་པ་ཤིན་དུ་མང་ཞིང་རྣམ་པ་མི་འདྲ་བའི་གློག་རྡུལ་དཔེ་དེབ་ལ་བལྟ་ཀློག་གི་ཐབས་ལམ་ཡང་མི་གཅིག་ཏེ་སྒོ་ལྕགས་མི་འདྲ་བར་ལྡེ་མིག་མི་འདྲ་བ་རེ་དང་མཚུངས་སོ། གློག་རྡུལ་དཔེ་དེབ་ལ་སྤྱིར་དབྱེ་བ་ཆེ་བ་གཉིས་སུ་དབྱེ་ཆོག་སྟེ་PCགློག་རྡུལ་དཔེ་དེབ་དང་ཁ་པར་གློག་རྡུལ་དཔེ་དེབ་གཉིས། PCགློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ལ་ EXE,PDF,PDG,TXT,HTML,HLP སོགས་དང་། ཁ་པར་གྱི་གློག་རྡུལ་དཔེ་དེབ་རྣམ་པ་ལ་ UMD,TXT,JAR སོགས་མང་ངོ་།།

གློག་རྡུལ་དཔེ་དེབ་ཀྱི་བྱེད་ནུས་ཇི་ཙམ་ཀྱིས་མང་ན་བཟོ་བསྐྲུན་ཀྱི་ལས་ཀ་དེ་ཙམ་ཀྱིས་རྙོག་འཛིང་ཆེ་བ་ཡོད་པས་དེ་མི་རེ་ངོ་རེས་སྒྲུབ་ཐུབ་པའི་ལས་ཞིག་མ་ཡིན། PDFརྣམ་པའི་གློག་རྡུལ་དཔེ་དེབ་ནི་བཟོ་སྐྲུན་གྱི་གོ་རིམ་ཅུང་སྟབས་བདེ་བའི་གྲས་ཤིག་ཡིན་ཁར་རྒྱུན་གཏན་འཚོ་བའི་ཁྲོད་བེད་སྤྱོད་མང་བ་དང་དྲ་ཐོག་དུ་ཁྱབ་རྒྱ་ཆེ་བའི་གློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ཞིག་ཡིན། དེར་བརྟེན་འདི་གར་PDFརྣམ་པའི་གློག་རྡུལ་དཔེ་དེབ་ཇི་ལྟར་བཟོ་དགོས་མིན་ཐད་རག་ཙམ་བརྗོད་པར་བྱའོ། །

PDFརྣམ་པའི་ཡིག་ཆ་སྤྱིར་གློག་ཀླད་ལ་བརྒྱུད་མངའ་ཡོད་པའི་གྲོགས་པོ་ཕལ་ཆེ་བས་གཟིགས་མྱོང་ཡོད། ཡིན་ཡང་དེ་ཉིད་བཟོ་སྐྲུན་གྱི་ལག་ལེན་བྱེད་མྱོང་བ་ཅུང་བཀོན། དོན་དངོས་ཐོགPDFཡིག་ཆ་ནིWord, Doc, RTF, TXT, Excel XLS, PowerPoint PPT སོགས་ཀྱི་ཡིག་ཆ་རྣམས་ཆེད་སྤྱོད་ཀྱི་རྣམ་པ་ཕབ་འགྱུར་མཉེན་ཆས་༼格式转换器༽ལ་བརྟེན་ནས་ནས་PDFརྣམ་པར་ཕབ་འགྱུར་བྱས་པ་ཞིག་ཡིན་ནོ། PDFཕབ་འགྱུར་ཀྱི་མཉེན་ཆས་སྣ་ཚོགས་ཡོད་པ་ལས་འདིར་“doPDFརྣམ་པ་འགྱུར་ཆས།”ཀྱི་བེད་སྤྱོད་མདོར་བསྡུས་བཤད་པར་བྱའོ།།

གོ་རིམ་ནི་གཤམ་གསལ་ལྟར།
༡ ཐོག་མར་ཁྱེད་ཀྱི་རྩིས་འཁོར་ཐོག doPDF མཉེན་ཆས་ཕབ་ལེན་དང་སྒྲིག་འཇུག་བྱེད་དགོས།
ཕབ་ལེན་དྲ་གནས། http://www.onlinedown.net/softdown/55591_2.htm དེ་མིན་ཐད་ཀར་དྲ་ཐོག་ནས་ doPDFཞེས་བཤེར་འཚོལ་བྱས་ཏེ་ཕབ་ལེན་བྱས་ཀྱང་ཆོག
སྒྲིག་འཇུག་གི་གོ་རིམ་འདིར་རྒྱས་བཤད་མི་བྱ་བས་སྤྱོད་པ་པོ་རང་ཉིད་ནས་ལག་ལེན་ཡོད་པ་མཁྱེན།
༢ ཕབ་འགྱུར་གྱི་གོ་རིམ་ཤིན་ཏུ་སླ་སྟེ་གཤམ་གསལ་རི་མོ་ལྟར་མཉེན་ཆས་ཁ་ཕྱེ་བ།

༣ གཤམ་གྱི་རི་མོ་ལྟར་ཆིག་རྡེབ་བྱོས།

༤ཡིག་ཆ་འདམས་བྱའི་སྒེ་ཁུང་ཁ་བྱེད་སྲིད་པས་འདི་ནས་ཁྱེད་ཀྱི་ཡིག་ཆ་འདེམས་རོགས།

༥ “create”ཐོག་ཆིག་རྡེབ་བྱོས།

༦གཤམ་གྱི་རི་མོ་ལྟར་ཆིག་རྡེབ་བྱོས། དེ་རྗེས་གལ་ཏེ་ཁྱེད་ཀྱི་ཡིག་ཆའི་བོངས་ཚད་ཆེན་པོ་ཡོད་པའམ་ཡང་ན་གློག་ཀླད་ཀྱི་འཚོར་ཤེས་འགོར་པོ་ཡོད་ཚེ་དུས་ཚོད་ཅུང་ཟད་འགོར་ངེས་ཡིན།

༧ མཐའ་མཇུག་ཏུ་གཤམ་གཤལ་གྱི་རི་མོ་ལྟར་ཁྱེད་ཀྱི་ཡིག་ཆ་pdfརྣམ་པའི་ཐོག་ནས་འཆར་ངེས་ཡིན་པས་ལས་འགན་ཡོངས་སུ་འགྲུབ་བོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།