ཁོངས་མིང་ཟེར་བ་དེ་ནི་དུས་རྒྱུན་ང་ཚོས་འབོད་བཞིན་པའི་དྲ་གནས་ཟེར་བ་དེ་རེད། དཔེར་ན་ངེད་དྲ་ཚིགས་ཀྱི་ཁོངས་མིང་ནི་ tibetitw.com ལྟ་བུ། དྲ་ཚིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་བ་ནི་ཁོངས་མིང་དང་བར་སྟོང་ངམ་ཞབས་ཞུ་འཕྲུལ་ཆས་གཉིས་ཡིན། ཁོངས་མིང་དེ་བར་སྟོང་དང་སྦྲེལ་བཀྱིག་བྱས་པ་ན་ད་གཟོད་དྲ་ཚིགས་ལ་བཅར་འདྲི་བྱེད་ཐུབ་པ་ཡིན།
ད་ལྟ་ངེད་དྲ་བས་ཁོངས་མིང་ཐོ་འགོད་ཀྱི་ལས་ཀ་གཉེར་བཞིན་ཡོད་ལ་བར་སྟོང་ངམ་ཞབས་ཞུ་འཕྲུལ་ཆས་ཀྱང་གླ་རྒྱུ་ཡོད།
ཐོག་མར་དྲ་ཚིགས http://host.tibetitw.com/ འདིའི་ཁ་ཕྱེ་ནས་སྤྱོད་མཁན་མིང་ཞིག་ཐོ་འགོད་བྱེད་པ།

འདིའི་ཁྲོད་ཀྱི་དང་པོ་དེར་སྤྱོད་མཁན་མིང་བླུགས་དགོས་ཤིང་སྤྱིར་བཏང་དབྱིན་ཡིག་གི་གསལ་བྱེད་དང་ཨང་ཀི་སོགས་འབྲི། རིགས་གྲས་ཟེར་བ་དེར་ཁེ་ལས་སམ་ཚོགས་པ་ཡིན་ན་སྔོན་མ་དེ་འདེམས་པ་དང་མི་སྒེར་ཡིན་ན་རྗེས་མ་དེ་འདེམས་དགོས། ཚན་པ་གསུམ་པ་དང་བཞི་བ་དེར་ཁྱེད་རང་རྒྱ་ཡིག་གི་མིང་འབྲི་དགོས། ཚན་པ་ལྔ་བ་དང་དྲུག་པ་ནི་གསང་ཨང་འབྲི་ས་ཡིན།
འདིའི་ཁྲོད་ཀྱི་ཚན་པ་དང་པོ་ནི་རྒྱལ་ཁབ་ཀྱི་ཚབ་ཨང་འབྲི་ས་ཡིན་ལ་ཀྲུང་གོ་ཡིན་ན CN བླུགས་ན་འགྲིག ཚན་པ་གཉིས་པ་ནི་ཞིང་ཆེན་འདེམས་ས་ཡིན། གསུམ་པ་ནི་གྲོང་ཁྱེར་དང་བཞི་པ་ནི་སྦྲགས་ཨང་། ལྔ་བ་ནི་ས་གནས་བཅས་འབྲི་ས་ཡིན་ལ་འདི་གསུམ་མ་བྲིས་ཀྱང་ཆོག དྲུག་པ་དང་བདུན་པ་ནི་ཁ་པར་ཨང་གྲངས་འབྲི་ས་ཡིན། བརྒྱད་པ་ནི་ཡིག་ཟམ་དང་དགུ་བ་ནི་ཁྱེའུ་འཕྲིན་ཨང་གྲངས་བླུགས་ས་ཡིན།
འདིའི་ཁྲོད་ཀྱི་རྟགས་དམར་པོ་བཀོད་པ་དེ་འདེམས་ནས་ཐོ་འགོད་ལེགས་གྲུབ་ཅེས་པ་དེ་མནན་ན་འགྲིག་ཅིང་གཞན་པ་དག་སྟོང་བར་བསྐྱུར་ཀྱང་རུང་།
དེ་ལྟར་ཐོ་འགོད་བྱས་ཚར་བ་ན་རང་འགུལ་གྱིས་ནང་འཇུག་བྱེད་ཅིང་འཆར་ངོས་ནི་གཤམ་གྱི་དཔེ་རིས་ལྟར།

ནང་འཇུག་བྱས་རྗེས་ཁྱེད་ཀྱིས་ཁོངས་མིང་ཐོ་འགོད་བྱ་རུང་།



གཞན་གྱིས་སྤྱད་མེད་པའི་ཁོངས་མིང་དེའི་རྗེས་ཀྱི་ “立即注册” ཅེས་པ་དེ་མནན་ནས་ཁོངས་མིང་ཐོ་འགོད་བྱེད་པ།


དེ་ལྟར་ཁྱེད་རང་གིས་ཐོ་འགོད་བསམ་པའི་ཁོངས་མིང་དེ་ཚོང་ཟོག་མངག་ཐོའི་ཁྲོད་དུ་ཡོད་ཅིང་རིན་གོང་ག་ཚོད་ཡིན་པ་སོགས་ཤེས་ཐུབ།
དྲ་ཐོག་ནས་དངུལ་སྤྲོད་སྟངས།


དངུལ་བསྐུར་ཚར་རྗེས་ཚོང་ཟོག་མངག་ཐོའི་ཁྲོད་དུ་བསྐྱོད་ནས་དངོས་སུ་ཐོ་འགོད་པ།



“ཁོངས་མིང་ཐོ་འགོད་དང་བར་སྟོང་ཉོ་ཐབས།” ལ་ལན 2 སློག་འདུག
བར་སྟོང་ཇི་ལྟར་ཉོ་དགོས་སམ།
谢谢你们为我们的民族提供了这么好的网站