WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ།

ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ་ (Plugin) ཞིག་བཟོས་ཡོད་པ་དང་། འདིའི་ཁྱད་ཆོས་གཙོ་བོ་ནི།

  1. WordPress དྲ་ཚིགས་ལྟག་རྒྱབ་ཏུ་སོར་བཞག་ཡིག་གཟུགས་དེ་རང་འགུལ་གྱིས་ཇོ་མོ་གླང་མ་གསར་ཆེན་ཡིག་གཟུགས་དུ་བསྒྱུར་ནས་ Windows ནང་གི་ཧི་མ་ལ་ཡ་ཡིག་གཟུགས་ཆུང་དྲགས་པའི་གནད་དོན་དེ་སེལ་ཐུབ།
  2. དྲ་ཚིགས་ཀྱི་མདུན་ཐད་དཔེ་སྒྲོམ་ཡིག་གཟུགས་ལ་ཇོ་མོ་གླང་མ་གསར་ཆེན་དང་ཇོ་མོ་གླང་མ་གསར་ཆུང་ཡིག་གཟུགས་གཉིས་སྤྱད་ཡོད་པ་ཞིག་ཡིན་ན་རང་འགུལ་གྱིས་དྲ་ངོས་ཡིག་གཟུགས (WebFont) ལ་སྦྲེལ་ཐུབ་པ་དང་། ཁྱེད་རང་གི་ལས་ཀའི་དུས་ཚོད་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པ་ཡིན།
  3. མཐུད་སྣེ་འདི་ནི་རིན་མེད་མཉམ་སྤྱོད་ཡིན།

མཐུད་སྣེའི་མིང་། Tibetan Style
པར་གཞི། 1.1.1
བཟོ་སྐྲུན་བྱེད་མཁན། bumpagyal

ཕབ་ལེན་བྱེད་ས། https://github.com/bumpagyal/Tibetan-Style

“WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ།” ལ་དཔྱད་མཆན་གཅིག་ཡོད།

  1. མཉམ་སྤྱོད་གནང་བར་དཀའ་དྲིན་ཤིན་ཏུ་ཆེ། འདི་མ་རྙེད་གོང་གུས་པས་WordPressཔར་གཞི་འདིའི་མདུན་ལྟེག་བོད་ཡིག་ཏུ་བསྒྱུར་དགོས་ཐུག་བྱུང་། དེ་དུས་དཀའ་ངལ་སྣ་ཚོགས་ཕྲད་པ་མ་ཟད་ལེགས་སྒྲུབ་ཡག་བྱུང་མ་སོང་། ད་ཆ་འདི་གར་མཉམ་སྤྱོད་བྱས་པ་མཐོང་དུས་དགའ་བ་དཔག་མེད་སྐྱེད་བྱུང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།

མི་རིགས་རང་གི་སྐད་ཡིག་འདི་ཉིད་དྲ་རྒྱའི་ཐོག་ནས་དར་སྤེལ་བྱེད།