WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ།

ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ་ (Plugin) ཞིག་བཟོས་ཡོད་པ་དང་། འདིའི་ཁྱད་ཆོས་གཙོ་བོ་ནི།

  1. WordPress དྲ་ཚིགས་ལྟག་རྒྱབ་ཏུ་སོར་བཞག་ཡིག་གཟུགས་དེ་རང་འགུལ་གྱིས་ “Noto Sans Tibetan” ཡིག་གཟུགས་དུ་བསྒྱུར་ནས་ Windows ནང་གི་ཧི་མ་ལ་ཡ་ཡིག་གཟུགས་ཆུང་དྲགས་པའི་གནད་དོན་དེ་སེལ་ཐུབ།
  2. དྲ་ཚིགས་ཀྱི་མདུན་ཐད་དཔེ་སྒྲོམ་ཡིག་གཟུགས་ལ་ “Noto Sans Tibetan” སྤྱད་ཡོད་པ་ཞིག་ཡིན་ན་རང་འགུལ་གྱིས་དྲ་ངོས་ཡིག་གཟུགས (WebFont) ལ་སྦྲེལ་ཐུབ་པ་དང་། ཁྱེད་རང་གི་ལས་ཀའི་དུས་ཚོད་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པ་ཡིན།
  3. མཐུད་སྣེ་འདི་ནི་རིན་མེད་མཉམ་སྤྱོད་ཡིན།

མཐུད་སྣེའི་མིང་། Tibetan Style
ཐོན་རིམ་གསར་ཤོས། 2.2.4
ཡིག་ཆའི་ཆེ་ཆུང་། 5KB
བཟོ་སྐྲུན་བྱེད་མཁན། bumpagyal
ཕབ་ལེན་བྱེད་ས། གཤམ་གྱི་ Star མནན་ཏེ་ Github སྟེང་ནས་ཕབ་ལེན་བྱེད་དགོས།

དྲ་ཚིགས་ཀྱི་མདུན་ཐད་དཔེ་སྒྲོམ་ཁྲོད་དུ་བཀོལ་སྤྱོད་བྱེད་སྟངས་ནི།

font-family: -apple-system, BlinkMacSystemFont, "Segoe UI", Roboto, Oxygen-Sans, Ubuntu, Cantarell, "Helvetica Neue", "Kokonor", "Kailasa", "Tibetan Machine Uni", "Jomolhari", "Noto Sans Tibetan", "Microsoft Himalaya", sans-serif;

“WordPress ཆེད་བཟོས་བོད་ཡིག་བཟོ་ལྟའི་མཐུད་སྣེ།” སྟེང་དུ་དཔྱད་མཆན་གཅིག་ཡོད།

  1. མཉམ་སྤྱོད་གནང་བར་དཀའ་དྲིན་ཤིན་ཏུ་ཆེ། འདི་མ་རྙེད་གོང་གུས་པས་WordPressཔར་གཞི་འདིའི་མདུན་ལྟེག་བོད་ཡིག་ཏུ་བསྒྱུར་དགོས་ཐུག་བྱུང་། དེ་དུས་དཀའ་ངལ་སྣ་ཚོགས་ཕྲད་པ་མ་ཟད་ལེགས་སྒྲུབ་ཡག་བྱུང་མ་སོང་། ད་ཆ་འདི་གར་མཉམ་སྤྱོད་བྱས་པ་མཐོང་དུས་དགའ་བ་དཔག་མེད་སྐྱེད་བྱུང་།

མཆན་སྤེལ་ཡུལ་ནི་ བྱང་འབྲོག་ལྷག་ཚེ། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།