ཉེ་ཆར་བོད་ནང་ནས WordPress གཞུང་ཕྱོགས་དྲ་གནས་ལ་བཅར་ཚེ། 429 Too Many Requests དེ་འདྲ་ཞིག་འཆར་ནས་ཁ་ཕྱེ་མི་ཐུབ་པ་ཆགས་འདུག་ལ་ཕབ་ལེན་ཀྱང་བྱེད་མི་ཐུབ་པས། དཔེ་སྒྲོམ་དང་མཐུད་སྣེ། དེ་བཞིན་ཐོན་རིམ་གསར་བ་སོགས་གསར་བཅོས་ཀྱང་བྱེད་ཁག་པོར་གྱུར་ཡོད།
དེང་སྐབས GitHub སྟེང་དུ་རྒྱ་ནག་གི་དྲ་གྲོགས་ཤིག་གིས་ཐབས་བཀོད་གསར་བ་ཞིག་འཐེན་ཡོད། གལ་སྲིད་ཁྱེད་ཀྱིས་དྲ་ཚིགས་ལྟག་རྒྱབ་ནས WordPress ཐོན་རིམ་གསར་ཤོས་སུ་གསར་བཅོས་བྱ་མ་ཐུབ་ཚེ། གཤམ་གྱི་དྲ་གནས་དེར་བསྐྱོད་ནས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་གནང་རོགས་ཞུ།